Apocalipse 3
Central Tibetan Bible (BOD) vs ARA
1 “སར་དཱི་གྲོང་ཁྱེར་གྱི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འདི་ལྟར་བྲིས་ཤིག དཀོན་མཆོག་གི་ཐུགས་ཉིད་བདུན་པོ་དང༌། སྐར་མ་བདུན་པོ་ཡོད་པ་དེས། ངས་ཁྱོད་ཀྱི་བྱ་བ་ཤེས་ཏེ། གསོན་པོའི་སྙན་གྲགས་ཡོད་ཀྱང་དོན་དམ་དུ་ཤི་བ་ཡིན།
1 Ao anjo da igreja em Sardes escreve:
2 ངའི་དཀོན་མཆོག་གི་སྤྱན་སྔར་ཁྱོད་ཀྱི་བྱ་བ་མི་ཚང་བ་ཡིན་པར་རྩི་བས། གཉིད་ལས་སོད་ཅིང༌། རྫོགས་ལ་ཉེ་བའི་ལྷག་མ་དེ་བརྟན་པོ་བྱོས།
2 Sê vigilante e consolida o resto que estava para morrer, porque não tenho achado íntegras as tuas obras na presença do meu Deus.
3 དེའི་ཕྱིར་གང་ཐོབ་པ་དང་ཐོས་པ་དེ་དྲན་ཞིང་སྲུངས་ཏེ་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་སྒྱུར་ཞིག གཉིད་མི་བསད་ན་ང་དུས་ངེས་མེད་ཀྱི་རྐུན་མ་ལྟར་ཡོང་སྟེ། ཁྱོད་ཀྱིས་ང་ཡོང་བའི་དུས་ཚོད་མི་ཤེས།
3 Lembra-te, pois, do que tens recebido e ouvido, guarda-o e arrepende-te. Porquanto, se não vigiares, virei como ladrão, e não conhecerás de modo algum em que hora virei contra ti.
4 འོན་ཀྱང་སར་དཱི་ལ་རང་གི་གོས་མི་གཙང་བར་མ་བྱས་པའི་མི་ཁ་ཤས་ཡོད། ཁོ་རྣམས་འོས་པ་ཡིན་པས་གོས་དཀར་པོ་གྱོན་ཏེ་ང་དང་མཉམ་དུ་འགྲུལ་བར་འགྱུར།
4 Tens, contudo, em Sardes, umas poucas pessoas que não contaminaram as suas vestiduras e andarão de branco junto comigo, pois são dignas.
5 སུ་རྒྱལ་བ་དེ་ཁོ་ཚོ་དང་འདྲ་བར་གོས་དཀར་པོ་གྱོན་པར་འགྱུར། ཁོའི་མིང་ནི་དཔག་ཏུ་མེད་པའི་ཚེའི་མདོ་ལས་ངས་མི་སུབ་ལ། ངའི་ཡབ་དང་ཁོང་གི་ཕོ་ཉ་རྣམས་ཀྱི་མདུན་དུ་ངས་མི་དེ་ཁས་ལེན་བྱེད་པར་འགྱུར།
5 O vencedor será assim vestido de vestiduras brancas, e de modo nenhum apagarei o seu nome do Livro da Vida; pelo contrário, confessarei o seu nome diante de meu Pai e diante dos seus anjos.
6 རྣ་བ་ཡོད་པ་དེས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ལ་གསུངས་པ་དེ་ཉོན་ཞིག་”ཅེས་གསུངས་སོ། །
6 Quem tem ouvidos, ouça o que o Espírito diz às igrejas.
7 “ཕི་ལ་དེལ་ཕི་ཡཱ་གྲོང་ཁྱེར་གྱི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འདི་ལྟར་བྲིས་ཤིག
7 Ao anjo da igreja em Filadélfia escreve:
8 ངས་ཁྱོད་ཀྱི་བྱ་བ་ཤེས། ལྟོས་ཤིག ངས་སུས་ཀྱང་རྒྱག་མི་ཐུབ་པའི་སྒོ་ཕྱེས་པ་ཞིག་ཁྱོད་ཀྱི་དྲུང་དུ་བཞག ཁྱོད་སྟོབས་ཅུང་ཟད་ཆུང་བ་ཡིན་ཡང༌། ཁྱོད་ཀྱིས་ངའི་བཀའ་བསྲུངས་པ་དང་ངའི་མིང་མ་སྤངས་པ་ངས་ཤེས།
8 Conheço as tuas obras — eis que tenho posto diante de ti uma porta aberta, a qual ninguém pode fechar — que tens pouca força, entretanto, guardaste a minha palavra e não negaste o meu nome.
9 ཉོན་ཞིག ངས་ཡ་ཧུ་དཱ་པ་མིན་ཡང་ཡིན་ཟེར་བའི་བདུད་སཱ་ཏན་གྱི་ཚོགས་ཡིན་པའི་རྫུན་བཤད་པ་རྣམས་ཡོང་ནས་ཁྱོད་ཀྱི་རྐང་པའི་དྲུང་དུ་ཕྱག་འཚལ་དུ་འཇུག་པར་བྱ། ཁོ་ཚོ་ངས་ཁྱོད་ལ་བྱམས་པ་བྱས་པ་ངོ་ཤེས་མཁན་དུ་འགྱུར་ངེས་ཡིན།
9 Eis farei que alguns dos que são da sinagoga de Satanás, desses que a si mesmos se declaram judeus e não são, mas mentem, eis que os farei vir e prostrar-se aos teus pés e conhecer que eu te amei.
10 ཁྱོད་ཀྱིས་ངའི་བཟོད་པ་བྱེད་དགོས་པའི་བཀའ་བསྲུངས་པས། ས་ལ་ཡོད་པ་རྣམས་ལ་ཉམས་ཚོད་ལེན་པའི་ཕྱིར་འཇིག་རྟེན་ལ་ཡོངས་སུ་འབབ་རྒྱུའི་ཉམས་ཚོད་ཀྱི་དུས་ལས་ཁྱོད་སྲུང་བར་བྱ།
10 Porque guardaste a palavra da minha perseverança, também eu te guardarei da hora da provação que há de vir sobre o mundo inteiro, para experimentar os que habitam sobre a terra.
11 ང་མགྱོགས་པོ་ཡོང་བས། སུས་ཀྱང་ཁྱོད་ཀྱི་ཅོད་པན་མི་འཕྲོག་པའི་ཕྱིར་ཁྱོད་ལ་གང་ཡོད་པ་དེ་བརྟན་པོར་ཟུངས་ཤིག
11 Venho sem demora. Conserva o que tens, para que ninguém tome a tua coroa.
12 ངས་སུ་རྒྱལ་བ་དེ་ངའི་དཀོན་མཆོག་གི་མཆོད་ཁང་ནང་གི་ཀ་བ་ཞིག་ཏུ་བྱ་ཞིང༌། ཁོ་དེར་རྒྱུན་དུ་གནས་པར་འགྱུར། དེའི་སྟེང་དུ་ངའི་དཀོན་མཆོག་གི་མཚན་དང༌། ངའི་མིང་གསར་པ་དང༌། ངའི་དཀོན་མཆོག་གི་གྲོང་ཁྱེར་གྱི་མིང་སྟེ་ཡེ་རུ་ཤ་ལེམ་གསར་པ་ཞེས་ངས་འབྲི་བར་བྱ། གྲོང་ཁྱེར་དེ་ནི་དཀོན་མཆོག་གི་ཞིང་ཁམས་ནས་འབབ་པར་འགྱུར།
12 Ao vencedor, fá-lo-ei coluna no santuário do meu Deus, e daí jamais sairá; gravarei também sobre ele o nome do meu Deus, o nome da cidade do meu Deus, a nova Jerusalém que desce do céu, vinda da parte do meu Deus, e o meu novo nome.
13 རྣ་བ་ཡོད་པ་དེས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ལ་གསུངས་པ་དེ་ཉོན་ཞིག་”ཅེས་གསུངས་སོ། །
13 Quem tem ouvidos, ouça o que o Espírito diz às igrejas.
14 “ལའོ་ཌི་ཀེ་ཡཱ་གྲོང་ཁྱེར་གྱི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འདི་ལྟར་བྲིས་ཤིག ཨ་མེན་ཞེས་ཟེར་བ། བློ་གཏད་ཆོག་པ་དང་བདེན་དཔང་མཛད་མཁན་ཏེ་དཀོན་མཆོག་གིས་བཀོད་པ་རྣམས་ལ་དབང་སྒྱུར་མཁན་དེས་
14 Ao anjo da igreja em Laodiceia escreve:
15 ངས་ཁྱོད་ཀྱི་བྱ་བ་ཤེས་ཏེ། ཁྱོད་ནི་ཚ་པོ་མིན་ཞིང་གྲང་མོའང་མིན། ངའི་རེ་བ་ལ་ཁྱོད་ཚ་པོ་དང༌། ཡང་ན་གྲང་མོ་ཡིན།
15 Conheço as tuas obras, que nem és frio nem quente. Quem dera fosses frio ou quente!
16 ཁྱོད་འདྲོད་འཇམ་ཡིན་ཏེ་ཚ་བ་ཡང་ན་གྲང་མོ་ཡང་མིན་པས་ཁྱོད་ངའི་ཁ་ནས་འདོར་བར་བྱ།
16 Assim, porque és morno e nem és quente nem frio, estou a ponto de vomitar-te da minha boca;
17 ཁྱོད་ཀྱིས་ང་ཕྱུག་པོ་ཡིན། རྒྱུ་ནོར་དང་ལྡན་ཏེ་ཅིའང་མི་དགོས་ཞེས་ཟེར་ཡང༌། ཁྱོད་ཀྱིས་ཁྱོད་ཉིད་ཉམ་ཐག་པ་དང༌། སྡུག་ཕོག་པ་དང༌། དབུལ་པོ་དང༌། ལོང་བ་དང༌། གཅེར་བུ་ཡིན་པར་མི་ཤེས་པའི་རྐྱེན་གྱིས།
17 pois dizes: Estou rico e abastado e não preciso de coisa alguma, e nem sabes que tu és infeliz, sim, miserável, pobre, cego e nu.
18 ཁྱོད་བདེན་པ་ཕྱུག་པོར་འགྱུར་བའི་ཕྱིར་མེ་ཡིས་ལྷད་བཏོན་པའི་གསེར་དང༌། ཁྱོད་གཅེར་བུའི་ངོ་ཚ་མི་ཡོང་བའི་ཕྱིར་གོས་དཀར་པོ་དང༌། མིག་གིས་མཐོང་བའི་ཕྱིར་མིག་ལ་འབྱུག་པའི་སྨན་ང་ལས་ཉོ་བར་ཁ་ཏ་བྱེད།
18 Aconselho-te que de mim compres ouro refinado pelo fogo para te enriqueceres, vestiduras brancas para te vestires, a fim de que não seja manifesta a vergonha da tua nudez, e colírio para ungires os olhos, a fim de que vejas.
19 ངས་བྱམས་པ་རྣམས་ལ་བཀྱོན་ཞིང་སྒྲིག་ལམ་བཅུན་པས། བརྩོན་སེམས་ཡོད་པར་སྒྱུར་ལ། སྤྱོད་པ་ངན་པ་སྤངས་ནས་སེམས་སྒྱུར་ཅིག
19 Eu repreendo e disciplino a quantos amo. Sê, pois, zeloso e arrepende-te.
20 ཉོན་དང༌། ང་སྒོ་འགྲམ་དུ་འོང་ནས་སྒོ་རྡུང་བཞིན་ཡོད། སུ་ཞིག་གིས་ངའི་སྐད་སྒྲ་ཐོས་ནས་སྒོ་མོ་ཕྱེ་ན། ང་དེའི་ནང་དུ་འཛུལ་ནས་ངེད་གཉིས་ལྷན་དུ་ཟས་རིགས་ལ་ལོངས་སྤྱོད་པར་བྱེད།
20 Eis que estou à porta e bato; se alguém ouvir a minha voz e abrir a porta, entrarei em sua casa e cearei com ele, e ele, comigo.
21 ང་རང་རྒྱལ་བར་གྱུར་ནས་ངའི་ཡབ་དང་མཉམ་དུ་ཁོང་གི་བཞུགས་ཁྲིའི་སྟེང་བསྡད་པ་ལྟར། སུ་རྒྱལ་བ་དེ་ང་དང་མཉམ་དུ་ངའི་ཁྲི་སྟེང་དུ་སྡོད་པའི་དབང་ཆ་སྟེར།
21 Ao vencedor, dar-lhe-ei sentar-se comigo no meu trono, assim como também eu venci e me sentei com meu Pai no seu trono.
22 རྣ་བ་ཡོད་པ་དེས་དམ་པའི་ཐུགས་ཉིད་ཀྱིས་ཆོས་ཚོགས་ལ་གསུངས་པ་དེ་ཉོན་ཞིག་”ཅེས་གསུངས་སོ། །
22 Quem tem ouvidos, ouça o que o Espírito diz às igrejas.
Atalhos do teclado
- Capítulo anterior←
- Próximo capítulo→
- Versículo anteriork
- Próximo versículoj
- Limpar seleçãoEsc
- Esta ajuda?
Estude este capítulo no WhatsApp
Peça à IA da Bíblia Fala para explicar Apocalipse 3, comparar traduções ou montar um estudo — tudo direto pelo WhatsApp.