1 Coríntios 9
Central Tibetan Bible (BOD) vs BKJ
1 ང་ལ་རང་དབང་མེད་དམ། ང་སྐུ་ཚབ་ཅིག་མ་ཡིན་ནམ། ངས་ང་ཚོའི་གཙོ་བོ་ཡེ་ཤུ་མཐོང་མ་མྱོང་ངམ། ཁྱེད་ཚོ་ནི་གཙོ་བོའི་ངང་ནས་ངའི་ལས་དོན་གྱི་འབྲས་བུ་མ་ཡིན་ནམ།
1 Não sou eu um apóstolo? Eu não sou livre? Não tenho eu visto Jesus Cristo, nosso Senhor? Não sois vós a minha obra no Senhor?
2 མི་གཞན་གྱི་ཆ་ནས་ང་སྐུ་ཚབ་མ་ཡིན་ནའང༌། ཁྱེད་ཚོའི་དོན་དུ་ཡིན། གང་ལགས་ཟེར་ན། ཁྱེད་ཚོ་ནི་གཙོ་བོའི་ངང་ནས་ང་སྐུ་ཚབ་ཡིན་པ་ར་སྤྲོད་པའི་རྟགས་ཡིན།
2 Se eu não sou apóstolo para os outros, sem dúvida o sou para vós; pois o selo do meu apostolado sois vós no Senhor.
3 ང་ལ་འདྲི་གཅོད་བྱེད་མཁན་རྣམས་ལ་ངའི་གསལ་བཤད་འདི་ལྟར་ཡིན།
3 A minha resposta para com os que me examinam é esta:
4 ང་ཚོར་ཟ་འཐུང་བྱེད་པའི་དབང་ཆ་མེད་དམ།
4 Não temos nós poder para comer e beber?
5 སྐུ་ཚབ་གཞན་དག་དང༌། གཙོ་བོའི་གཅུང་པོ་རྣམས། དེ་བཞིན་ཀེ་ཕཱ་དང་འདྲ་བར་ང་ཚོར་དད་ལྡན་པའི་བཟའ་ཟླ་འཁྲིད་པའི་དབང་ཆ་མེད་དམ།
5 Não temos nós poder para levar conosco uma irmã, uma esposa, bem como os demais apóstolos, e como os irmãos do Senhor, e Cefas?
6 ཡང་ན། ང་དང་པར་ན་པཱ་གཉིས་ཁོ་ནར་འཚོ་བའི་ཕྱིར་ལས་ཀ་མི་བྱེད་པའི་དབང་ཆ་མེད་དམ།
6 Ou somente eu e Barnabé não temos o poder para deixar de trabalhar?
7 རང་གི་འགྲོ་སོང་བཏང་ནས་དམག་མི་སུས་བྱེད། རྒུན་འབྲུམ་གྱི་ལྡུམ་ར་ཞིག་བཟོས་ནས་དེའི་འབྲས་བུ་ལས་སུས་མི་ཟ། ཡང་ཁྱུ་འཚོས་ནས་དེའི་འོ་མ་ལས་སུས་མི་འཐུང༌།
7 Quem vai a uma guerra a qualquer momento por conta própria? Quem planta uma vinha e não come do seu fruto? Ou quem alimenta o rebanho e não se alimenta do leite do rebanho?
8 ངས་མིའི་རིགས་ཀྱི་ཆ་ནས་དེ་ལྟར་ཟེར་རམ། བཀའ་ཁྲིམས་ཀྱིས་ཀྱང་དེ་ལྟར་གསུངས་པ་མ་ཡིན་ནམ།
8 Digo eu estas coisas segundo os homens? Ou não diz a lei também o mesmo?
9 མོ་ཤེའི་བཀའ་ཁྲིམས་ནང་གཡུལ་ལས་བྱེད་པའི་གླང་གོག་ལ་ཁ་ར་མ་གཡོགས་ཤིག་ཅེས་བྲིས་པ་ནི་དཀོན་མཆོག་གིས་བ་གླང་འཚོ་བའི་སྐོར་གསུངས་སམ།
9 Pois está escrito na lei de Moisés: Tu não porás focinheira na boca do boi que pisa o grão. Acaso Deus cuida dos bois?
10 ངེད་རྣམས་གཅིག་པོར་ཕན་པའི་ཕྱིར་གསུངས་སམ། དེ་ནི་ངེད་རྣམས་ལ་ཕན་པའི་ཆེད་དུ་བྲིས་པ་ཡིན། གང་ཡིན་ཟེར་ན། ཞིང་རྨོ་མཁན་དང་གཡུལ་ལས་བྱེད་མཁན་གཉིས་ཀྱིས་སྟོན་ཐོག་གི་སྐལ་བ་འཐོབ་ཆེད་རེ་བའི་ངང་ནས་ལས་ཀ་བྱེད་རུང༌།
10 Ou é seguramente por nós que ele diz isso? Por nossa causa, sem dúvida, isto está escrito: Aquele que ara deve arar com esperança, e o que trilha na esperança, deve ser participante da sua esperança.
11 ངེད་རྣམས་ཀྱིས་ཁྱེད་ཚོར་སེམས་ཉིད་ཀྱི་ས་བོན་བཏབ་ན། ཁྱེད་ཚོ་ནས་དངོས་པོའི་འབྲས་བུ་སྡུད་མི་རུང་ངམ།
11 Se nós semeamos para vós coisas espirituais, será muito colher de vós as coisas carnais?
12 གཞན་རྣམས་ལ་ཁྱེད་ཚོའི་རྒྱུ་ནོར་ལས་རྒྱབ་སྐྱོར་ཐོབ་པའི་དབང་ཆ་ཡོད་ན། ང་ཚོར་དེ་ལས་ལྷག་པ་མེད་དམ། འོན་ཀྱང་ང་ཚོས་དབང་ཆ་དེ་བཞིན་མི་བྱེད་པར། དེ་ལས་ལྡོག་སྟེ་མཱ་ཤི་ཀའི་འཕྲིན་བཟང་བར་དུ་མི་གཅོད་པའི་ཕྱིར་ཐམས་ཅད་བཟོད་པར་བྱེད།
12 Se outros participam deste poder sobre vós, quanto mais nós? Todavia, nós não usamos deste poder; antes, suportamos todas as coisas, para que não impeçamos o evangelho de Cristo.
13 མཆོད་ཁང་ནང་ལས་ཀ་བྱེད་མཁན་རྣམས་ཀྱིས་མཆོད་ཁང་གི་ཁ་ལག་ཟ་ཞིང༌། མཆོད་ཁྲི་ལ་གཡོག་བྱེད་པ་རྣམས་དེའི་གང་ལ་གང་མཆོད་པ་ལས་སྐལ་བ་འཐོབ་པར་ཁྱེད་ཚོས་མི་ཤེས་སམ།
13 Não sabeis vós que os que ministram as coisas santas vivem das coisas do templo? E que os que esperam no altar são participantes do altar?
14 དེ་ལྟར་འཕྲིན་བཟང་སྒྲོག་མཁན་རྣམས་ལ་འཕྲིན་བཟང་སྒྲོག་པའི་སྒོ་ནས་འཚོ་བའི་རྒྱབ་སྐྱོར་འཐོབ་དགོས་པར་གཙོ་བོས་བཀའ་གནང་ངོ༌། །
14 Assim também ordenou o Senhor aos que pregam o evangelho, que vivam do evangelho.
15 འོན་ཀྱང་ངས་དབང་ཆ་དེ་བཞིན་དུ་མ་བྱས་ཤིང༌། དབང་ཆ་དེ་ཚོ་འཐོབ་པའི་ཆེད་དུ་དོན་འདི་རྣམས་མི་འབྲི། གང་ལགས་ཤེ་ན། ངས་རིན་མེད་པར་འཕྲིན་བཟང་བསྒྲགས་ཟེར་བའི་སྤོབས་པ་དེ་བརླག་པ་ལས༌༌༌༌ང་ཤི་ན་དགའ།
15 Mas nenhuma destas coisas tenho eu usado, nem escrevi estas coisas, para que assim se faça comigo; pois melhor me fora morrer do que algum homem fazer vã esta minha glória.
16 འོན་ཏེ་ངས་འཕྲིན་བཟང་བསྒྲགས་པར་སྤོབས་པ་སྐྱེ་དོན་མེད། གང་ཡིན་ཟེར་ན། ངས་འཕྲིན་བཟང་ངེས་པར་སྒྲོག་དགོས། དེ་མ་བསྒྲགས་ན་ང་ལ་ཆད་པ་ཕོག་ཉེན་ཡོད།
16 Porque, embora eu pregue o evangelho, não tenho nada que me gloriar, pois essa necessidade é colocada sobre mim; sim, ai de mim, se eu não pregar o evangelho!
17 གལ་སྲིད་རང་དགའ་བ་བཞིན་དུ་འཕྲིན་བཟང་བསྒྲགས་ན་ང་ལ་བྱ་དགའ་ཞིག་ཡོད། དཀོན་མཆོག་གིས་འཕྲིན་བཟང་སྒྲོག་པའི་ལས་འགན་ང་ལ་བཅོལ་བས་སྒྲོག་དགོས་བྱུང་ངོ༌། །
17 Porque, se o faço de boa vontade, eu tenho uma recompensa; mas, se contra a minha vontade, uma dispensação do evangelho me é confiada.
18 འོ་ན། ངའི་བྱ་དགའ་གང་ཡིན། འཕྲིན་བཟང་སྒྲོག་པ་ལས་འབྱུང་བའི་དབང་ཆ་མི་བྱེད་པར་ངས་རིན་མེད་ཀྱི་ཐོག་ནས་འཕྲིན་བཟང་སྒྲོག་པ་དེ་ཡིན།
18 Qual é a minha recompensa então? Verdadeiramente, quando eu pregar o evangelho, que eu possa proclamar o evangelho de Cristo sem cobrar, para que eu não abuse do meu poder no evangelho.
19 ང་མི་སུ་ཞིག་ལ་ཡང་རྟེན་དགོས་མེད་ཀྱང༌། མི་མང་པོ་དད་སེམས་འགུགས་པའི་ཕྱིར་ཐམས་ཅད་ཀྱི་གཡོག་པོར་གྱུར།
19 Porque, embora eu seja livre de todos os homens, fiz-me servo de todos, para eu poder ganhar mais.
20 ཡ་ཧུ་དཱ་པ་རྣམས་དད་སེམས་འགུགས་པའི་ཕྱིར་ཡ་ཧུ་དཱ་པ་རྣམས་ལ་ང་ཁོང་ཚོ་ལྟར་གྱུར། མོ་ཤེའི་བཀའ་ཁྲིམས་སྲུང་མཁན་རྣམས་དད་སེམས་འགུགས་པའི་ཕྱིར་ང་རང་ནི་བཀའ་ཁྲིམས་ཀྱི་འོག་ཏུ་མིན་ཡང༌། བཀའ་ཁྲིམས་ཀྱི་འོག་ཏུ་ཡོད་མཁན་རྣམས་ལ་ང་ཁོང་ཚོ་ལྟར་གྱུར།
20 E aos judeus tornei-me como um judeu, para que eu pudesse ganhar os judeus; para aqueles que estão sob a lei, como se estivesse sob a lei, para que eu pudesse ganhar os que estão sob a lei;
21 བཀའ་ཁྲིམས་མེད་པ་རྣམས་ལ་ང་བཀའ་ཁྲིམས་མེད་པ་ལྟར་གྱུར། (འོན་ཀྱང་ང་དཀོན་མཆོག་གི་བཀའ་ཁྲིམས་དང་བྲལ་བ་མིན་ཏེ་མཱ་ཤི་ཀའི་བཀའ་ཁྲིམས་འོག་ཏུ་ཡོད་) དེ་ནི་བཀའ་ཁྲིམས་མེད་པ་རྣམས་དད་སེམས་འགུགས་པའི་ཆེད་དུ་ཡིན།
21 para os que estão sem lei, como se estivera sem lei (não estando sem lei para com Deus, mas debaixo da lei de Cristo), para que eu pudesse ganhar os que estão sem lei.
22 དད་པ་ཆུང་བ་རྣམས་དད་སེམས་འགུགས་པའི་ཕྱིར་ང་དད་པ་ཆུང་བ་ལྟར་གྱུར། ཐབས་གང་གིས་མི་ཁ་ཤས་སྐྱོབ་པའི་ཕྱིར་ང་ནི་མི་ཐམས་ཅད་ལ་ཁོང་ཚོ་ལྟར་གྱུར།
22 Aos fracos tornei-me como fraco, para que eu pudesse ganhar os fracos. Fiz-me todas as coisas para todos os homens, para que eu pudesse por todos os meios salvar alguns.
23 འཕྲིན་བཟང་གི་དོན་ལ་ངས་དེ་ཐམས་ཅད་བྱེད། དེ་ནི་ང་ལ་མི་གཞན་དང་མཉམ་དུ་འཕྲིན་བཟང་གི་བྱིན་རླབས་ཀྱི་སྐལ་བ་འཐོབ་པའི་ཆེད་དུ་ཡིན།
23 E isso eu faço por causa do evangelho, para que eu possa ser participante dele convosco.
24 བང་རྩལ་འགྲན་བསྡུར་བྱེད་སྐབས་རྒྱུག་ཤར་གློད་མཁན་ཐམས་ཅད་རྒྱུག་ནའང་བྱ་དགའ་འཐོབ་མཁན་གཅིག་ལས་མེད་པ་ཁྱེད་ཀྱིས་མི་ཤེས་སམ། བྱ་དགའ་འཐོབ་པའི་ཆེད་དུ་རྒྱུག་ཅིག
24 Não sabeis que os que correm em uma corrida, todos correm, mas um recebe o galardão? Assim, correi para conquistá-lo.
25 ལུས་རྩལ་པ་རྣམས་ཀྱིས་དོན་ཐམས་ཅད་ལ་རང་ཚོད་འཛིན། ཁོ་ཚོས་འཇིག་པར་འགྱུར་བའི་བྱ་དགའ་ཞིག་འཐོབ་པའི་ཕྱིར་དེ་ལྟར་བྱེད། འོན་ཏེ་ངེད་རྣམས་ཀྱིས་འཇིག་པར་མི་འགྱུར་བའི་བྱ་དགའ་ཞིག་འཐོབ་པའི་ཕྱིར་བྱེད།
25 E todo homem que luta pelo domínio é moderado em todas as coisas. Ora, eles o fazem para obter uma coroa corruptível; mas nós uma incorruptível.
26 དེའི་ཕྱིར་ངས་དམིགས་ཡུལ་མེད་པར་མི་རྒྱུག ཡང་ན་མཁའ་རླུང་ལ་རྡུང་བ་ལྟར་མི་འཐབ་ཀྱིས།
26 Portanto, eu assim corro, não como na incerteza; assim eu luto, não como alguém que bate no ar;
27 ངས་རང་གི་ལུས་གཅུན་ནས་དེ་ངའི་བྲན་གཡོག་ཏུ་འཇུག དེ་ནི་མི་གཞན་ལ་འཕྲིན་བཟང་སྒྲོག་པའི་རྗེས་སུ་ང་རང་བྱ་དགའ་འཐོབ་མི་འོས་པ་ཞིག་མི་འགྱུར་བའི་ཆེད་དུ་ཡིན་ནོ། །
27 mas mantenho debaixo o meu corpo, e o reduzo à sujeição, para que, por nenhum meio, tendo eu pregado aos outros, eu mesmo seja um rejeitado.
Atalhos do teclado
- Capítulo anterior←
- Próximo capítulo→
- Versículo anteriork
- Próximo versículoj
- Limpar seleçãoEsc
- Esta ajuda?
Estude este capítulo no WhatsApp
Peça à IA da Bíblia Fala para explicar 1 Coríntios 9, comparar traduções ou montar um estudo — tudo direto pelo WhatsApp.