1 Coríntios 7
Central Tibetan Bible (BOD) vs NTLH
1 ད་ཁྱེད་རྣམས་ཀྱིས་ང་ལ་བྲིས་པའི་དོན་གྱི་སྐོར་ལ། སྐྱེས་པ་དང་བུད་མེད་མཉམ་དུ་མ་འདུས་ན་ལེགས་ཞེས་ཟེར་ཡང༌།
1 Agora vou tratar dos assuntos a respeito dos quais vocês me escreveram. Vocês dizem que o homem faz bem em não casar.
2 ལོག་གཡེམ་གྱི་ལས་མང་པོ་ཐོན་པའི་རྐྱེན་གྱིས་སྐྱེས་པ་རེར་བཟའ་ཟླ་རེ་དང༌། བུད་མེད་རེར་ཁྱོ་ག་རེ་ཡོད་དགོས།
2 Mas eu digo: já que existe tanta imoralidade sexual, cada homem deve ter a sua própria esposa, e cada mulher, o seu próprio marido.
3 ཁྱོ་ག་རང་གི་བཟའ་ཟླ་དང༌། དེ་བཞིན་དུ་བུད་མེད་རང་གི་ཁྱོ་ག་དང་མཉམ་དུ་འདུ་དགོས།
3 O homem deve cumprir o seu dever como marido, e a mulher também deve cumprir o seu dever como esposa.
4 བཟའ་ཟླའི་ལུས་ནི་མོ་རང་གི་དབང་འོག་ཏུ་མེད་ཀྱི། ཁྱོ་གའི་དབང་འོག་ཏུ་ཡོད། དེ་བཞིན་དུ་ཁྱོ་གའི་ལུས་ནི་ཁོ་རང་གི་དབང་འོག་ཏུ་མེད་ཀྱི། བཟའ་ཟླའི་དབང་འོག་ཏུ་ཡོད།
4 A esposa não manda no seu próprio corpo; quem manda é o seu marido. Assim também o marido não manda no seu próprio corpo; quem manda é a sua esposa.
5 བཟའ་ཚོ་གཉིས་རེ་ཞིག་སྨོན་ལམ་འདེབས་པའི་ཆེད་དུ་ཕན་ཚུན་མོས་མཐུན་བྱས་པ་དེ་མ་གཏོགས་མཉམ་དུ་འདུ་རྒྱུ་མ་འགོག་ཅིག ཁྱོད་ཚོས་རང་ཚོད་ཟིན་མི་ཐུབ་པས། བདུད་སཱ་ཏན་གྱིས་ཁྱོད་ཚོར་བསླུ་བྲིད་མི་བྱེད་པའི་ཕྱིར་ཡང་བསྐྱར་མཉམ་དུ་འདུ་དགོས།
5 Que os dois não se neguem um ao outro, a não ser que concordem em não ter relações por algum tempo a fim de se dedicar à oração. Mas depois devem voltar a ter relações, a fim de não caírem nas tentações de Satanás por não poderem se dominar.
6 དེ་ནི་བཀའ་རྒྱ་མིན་གྱི། ངའི་བསླབ་བྱ་ཡིན།
6 Não digo isso como uma ordem, mas como uma sugestão.
7 ང་ཕོ་ཧྲེང་ཞིག་གི་ངོས་ནས་མི་ཐམས་ཅད་ང་རང་དང་འདྲ་བ་ཡིན་པར་འདོད་ཀྱང༌། མི་སོ་སོར་དཀོན་མཆོག་ནས་གནང་སྦྱིན་རེ་ཡོད་དེ། ཁ་ཅིག་ལ་ཕོ་ཧྲེང་མོ་ཧྲེང་གི་གནང་སྦྱིན། ཡང་ཁ་ཅིག་ལ་བཟའ་ཚང་གི་འཚོ་བའི་གནང་སྦྱིན་ཐོབ་ཡོད།
7 Realmente, eu gostaria que todos fossem como eu. Porém cada um tem o dom que Deus lhe deu: um tem este dom, e outro, aquele.
8 གཉེན་སྒྲིག་བྱེད་མ་མྱོང་བ་དང་ཡུགས་མོ་རྣམས་ལ་ང་བཞིན་དུ་གཉེན་སྒྲིག་མ་མྱོང་བར་གནས་ན་ལེགས་པར་ཟེར།
8 Aos solteiros e às viúvas eu digo que seria melhor para eles ficarem sem casar, como eu.
9 འོན་ཀྱང་ཁོ་ཚོས་རང་ཚོད་ཟིན་མ་ཐུབ་ན་གཉེན་སྒྲིག་བྱེད་པར་ཆོག གང་ཡིན་ཞེ་ན། འདོད་ཆགས་ཀྱིས་མེ་འབར་བ་ལས་གཉེན་སྒྲིག་བྱས་ན་ལེགས།
9 Mas, se vocês não podem dominar o desejo sexual, então casem, pois é melhor casar do que ficar queimando de desejo.
10 གཉེན་སྒྲིག་བྱས་ཡོད་པ་རྣམས་ལ་ང་མིན་ཏེ་གཙོ་བོས་བུད་མེད་རང་གི་ཁྱོ་བོ་དང་ཁ་བྲལ་མི་ཆོག་པའི་བཀའ་གནང༌།
10 Para os que já estão casados tenho um mandamento, que não é meu, mas do Senhor: que a mulher não se separe do seu marido.
11 (འོན་ཀྱང་ཁ་བྲལ་ན་མོ་རང་ཁྱོ་བོ་མེད་པར་གནས་དགོས་པའམ། ཁྱོ་བོ་དང་འདུམ་པར་འགྱུར་དགོས་) ཁྱོ་བོ་ཡང་རང་གི་བཟའ་ཟླ་དང་ཁ་བྲལ་མི་ཆོག
11 Porém, se ela se separar, que não case de novo ou então que faça as pazes com o marido. E que o homem não se divorcie da sua esposa.
12 གཙོ་བོས་མིན་ཏེ་ང་ཡིས་དེ་མིན་གཞན་དག་ལ་ཟེར་རྒྱུར། གལ་ཏེ་སྤུན་ཟླ་ཞིག་ལ་བཟའ་ཟླ་དད་པ་མི་བྱེད་མཁན་གཅིག་ཡོད་ཅིང༌། ཁོ་མོས་ཁོང་དང་སྡོད་པར་དགའ་ན། ཁོ་མོ་དང་ཁ་བྲལ་མི་ཆོག་ཅེས་ཟེར།
12 Aos outros digo eu mesmo, e não o Senhor: se um homem cristão é casado com uma mulher que não é cristã, e ela concorda em continuar vivendo com ele, que ele não se divorcie dela.
13 ཡང་བུད་མེད་གཅིག་ལ་ཁྱོ་ག་དད་པ་མི་བྱེད་མཁན་ཅིག་ཡོད་ཅིང༌། ཁོ་ནི་མོ་རང་དང་སྡོད་པར་དགའ་ན། ཁོ་དང་ཁ་བྲལ་མི་ཆོག
13 E, se uma mulher cristã é casada com um homem que não é cristão, e ele concorda em continuar vivendo com ela, que ela não se divorcie dele.
14 གང་ལགས་ཟེར་ན། ཁྱོ་ག་དད་པ་མི་བྱེད་མཁན་ནི་རང་གི་བཟའ་ཟླའི་སྒོ་ནས་དམ་པ་རུ་གྱུར་ཞིང༌། བུད་མེད་དད་པ་མི་བྱེད་མཁན་རང་གི་དད་ལྡན་ཁྱོ་གའི་སྒོ་ནས་དམ་པ་རུ་གྱུར། དེ་མིན་ན་ཁྱེད་ཀྱི་ཕྲུ་གུ་དམ་པ་མིན། འོན་ཀྱང་ད་ལྟ་ཁོ་ཚོ་དམ་པ་ཡིན།
14 Pois Deus aceita o homem que não é cristão por ele estar unido com a sua esposa cristã; e aceita a mulher que não é cristã por ela estar unida com o seu marido cristão. Se não fosse assim, os filhos deles não pertenceriam a Deus. Mas, sendo assim, eles pertencem.
15 གལ་ཏེ་དད་པ་མི་བྱེད་མཁན་དེ་རང་གི་བཟའ་ཟླ་དང་ཁ་བྲལ་ན་འབྲལ་དུ་ཆུག དེ་ལྟར་བྱུང་ན་སྤུན་ཟླ་ཕོ་མོ་སུ་ཡང་བཅིངས་པ་མ་ཡིན། གང་ཡིན་ཟེར་ན། དཀོན་མཆོག་གིས་ཁྱེད་ཚོ་ཞི་བདེའི་ནང་གནས་པའི་ཕྱིར་བོས་པ་གནང་ངོ༌།
15 Porém, se o marido não cristão ou a esposa não cristã quiser o divórcio, então que se divorcie. Nesses casos o marido cristão ou a esposa cristã está livre para fazer como quiser, pois Deus chamou vocês para viverem em paz.
16 ཆུང་མ་རྣམས། ཁྱེད་ཀྱི་སྒོ་ནས་སོ་སོའི་ཁྱོ་ག་མི་ཐར་བ་ཇི་ལྟར་ཤེས། ཁྱོ་ག་ཚོ། ཁྱེད་ཀྱི་སྒོ་ནས་སོ་སོའི་ཆུང་མ་མི་ཐར་བ་ཇི་ལྟར་ཤེས།
16 Esposa cristã, como é que você pode ter a certeza de que não vai salvar o seu marido? E você, marido cristão, como é que você pode ter a certeza de que não vai salvar a sua esposa?
17 གཙོ་བོས་མི་རེ་རེར་ཅི་བསྐོས་པ་དང༌། དཀོན་མཆོག་གིས་ཁྱེད་ཚོ་བོས་པ་བཞིན་དུ་མི་ཚེ་སྐྱེལ་དགོས། དེ་ནི་ངས་ཆོས་ཚོགས་ཐམས་ཅད་ལ་བཀའ་བསྒོས་པ་དེ་ཡིན།
17 Cada um deve continuar vivendo de acordo com o dom que o Senhor lhe deu e na condição em que se encontrava quando Deus o chamou . É essa a regra que eu ensino em todas as igrejas.
18 དཔེར་ན། དཀོན་མཆོག་གིས་སུ་ཞིག་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་དང་ལྡན་པར་བོས་ན་ཁོ་ནི་རྟགས་དེ་དང་ལྡན་པར་གནས་དགོས། དཀོན་མཆོག་གིས་སུ་ཞིག་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་དང་མི་ལྡན་པར་བོས་ན་ཁོས་རྟགས་དེ་ལེན་མི་རུང༌།
18 Se um homem judeu, que é circuncidado , aceita o chamado de Deus, ele não deve tirar as marcas da circuncisão. E, se um homem não judeu, que não é circuncidado, aceita o chamado de Deus, ele não deve circuncidar-se.
19 ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་ལེན་ཡོད་མེད་ལ་ཁྱད་པར་མེད་དེ། དཀོན་མཆོག་གི་བཀའ་སྲུང་བ་དེ་འབའ་ཞིག་གལ་ཆེའོ།
19 Não faz diferença estar circuncidado ou não; o que importa é obedecer aos mandamentos de Deus.
20 མི་རེ་རེ་བོས་པའི་སྐབས་སུ་ཇི་ལྟར་ཡོད་པ་དེ་ལྟར་གནས་དགོས།
20 Cada um deve continuar como era quando aceitou o chamado de Deus.
21 བོས་པའི་སྐབས་སུ་ཁྱེད་བྲན་གཡོག་ཡིན་ནམ། དེའི་རྐྱེན་པས་སེམས་ཁྲལ་མ་བྱེད། གལ་ཏེ་བྲན་གཡོག་ལས་ཐར་བར་འགྱུར་བའི་གོ་སྐབས་བྱུང་ན་དེ་ལེན་ཞིག
21 Você era escravo quando Deus o chamou? Não se preocupe com isso. Mas, se você pode se tornar livre, então aproveite a oportunidade.
22 གང་ཡིན་ཞེ་ན། ཇི་ལྟར་གཙོ་བོའི་ཐོག་ནས་བོས་པའི་བྲན་གཡོག་ནི་གཙོ་བོས་ཐར་དུ་བཅུག་པའི་མི་ཞིག་ཡིན། དེ་ལྟར་བྲན་གཡོག་མིན་པ་བོས་པ་དེ་མཱ་ཤི་ཀའི་ཞབས་ཕྱི་ཡིན།
22 Pois o escravo que foi chamado pelo Senhor é agora um homem livre que pertence ao Senhor. Assim também o homem livre que foi chamado por Cristo é escravo de Cristo.
23 ཁྱེད་ཚོ་བླུ་རིན་གྱིས་ཉོས་པས་མི་རྣམས་ཀྱི་བྲན་གཡོག་ཏུ་མ་འགྱུར་ཞིག
23 Deus comprou vocês por um preço; portanto, não se tornem escravos de seres humanos.
24 སྤུན་ཟླ་རྣམས། མི་རེ་རེ་བོས་པའི་སྐབས་སུ་ཇི་ལྟར་ཡོད་པ་དེ་ལྟར་དཀོན་མཆོག་དང་འགྲོགས་ཏེ་གནས་དགོས།
24 Irmãos, cada um deve continuar na presença de Deus assim como era quando Deus o chamou.
25 ད་གཉེན་སྒྲིག་བྱེད་མ་མྱོང་བའི་གཞོན་ནུ་མ་རྣམས་ལ་དེའི་ཐད་གཙོ་བོའི་བཀའ་ཁྲིམས་ང་ལ་མེད་ཀྱང༌། ང་ནི་ཐུགས་རྗེའི་སྒོ་ནས་གཙོ་བོས་བློ་གཏད་ཆོག་པར་མཛད་པའི་མི་ཞིག་ཡིན་ཞིང་ངས་བསམ་འཆར་ཤོད།
25 Para os solteiros, eu não tenho nenhum mandamento do Senhor; porém dou a minha opinião como uma pessoa que, pela misericórdia do Senhor, merece confiança.
26 ངའི་བསམ་པ་ལ། དེང་སྐབས་ཀྱི་སྡུག་བསྔལ་ཡོད་པའི་རྐྱེན་གྱིས་ཁྱེད་ཇི་ལྟར་ཡོད་པ་དེ་ལྟར་བསྡད་ན་ལེགས།
26 Por causa dos tempos difíceis em que vivemos, eu penso que é melhor para o homem ficar como está.
27 ཁྱེད་ལ་ཆུང་མ་ཡོད་ན། ཁ་འབྲལ་ཐབས་མ་བྱེད། མེད་ན་ཆུང་མ་མ་འཚོལ།
27 Você tem esposa? Então não procure se separar dela. Você é solteiro? Então não procure esposa.
28 གལ་ཏེ་གཉེན་སྒྲིག་བྱས་ན་ཁྱེད་ཀྱིས་སྡིག་ཉེས་ཀྱི་ལས་མ་བྱས། ཡང་གཞོན་ནུ་མ་ཞིག་གིས་གཉེན་སྒྲིག་བྱས་ན་སྡིག་ཉེས་ཀྱི་ལས་མ་བྱས་ཀྱང༌། གཉེན་སྒྲིག་བྱས་པ་རྣམས་ནི་འཇིག་རྟེན་འདིར་སྡུག་བསྔལ་མྱོང་ཞིང༌། ངའི་ངོས་ནས་དེ་ཁྱེད་རྣམས་ལ་འཕོག་པར་མི་འདོད།
28 Porém, se você casar, não estará cometendo pecado. E, se uma moça solteira casar, também não estará cometendo pecado. Mas eu gostaria de poupar vocês dos problemas de cada dia que terão na vida de casados.
29 སྤུན་ཟླ་རྣམས། ངའི་དོན་འདི་ལྟར་ཡིན། བསྐོས་པའི་དུས་ཚོད་རིང་པོ་མེད་པས་ད་ཕྱིན་ཆད་ཆུང་མ་ཡོད་པ་རྣམས་ཀྱིས་ཆུང་མ་མེད་པ་ལྟར་འཚོ་བ་སྐྱེལ་དགོས།
29 Irmãos, o que eu quero dizer é isto: não nos resta muito tempo, e daqui em diante os casados devem viver como se não tivessem casado;
30 ངུ་མཁན་རྣམས་ཀྱིས་མི་ངུ་བ་ལྟར་དང༌། དགའ་བ་རྣམས་ཀྱིས་དགའ་བ་མ་ཡིན་པ་ལྟར་འཚོ་བ་སྐྱེལ་དགོས། ཉོ་མཁན་རྣམས་ཀྱིས་རྒྱུ་ནོར་མེད་པ་ལྟར་དང༌།
30 os que choram, como se não estivessem chorando; os que estão rindo, como se não estivessem rindo; os que compram, como se não fosse deles aquilo que compraram;
31 འཇིག་རྟེན་ལ་སྤྱོད་པ་རྣམས་ཀྱིས་མི་སྤྱོད་པ་ལྟར་སྤྱོད་དགོས། གང་ཡིན་ཟེར་ན། འཇིག་རྟེན་འདིའི་རྣམ་པ་འདའ་བཞིན་ཡོད་པས་སོ།
31 os que tratam das coisas deste mundo, como se não estivessem ocupados com elas. Pois este mundo, como está agora, não vai durar muito.
32 ངའི་རེ་བར་ཁྱེད་ཚོ་སེམས་ཁྲལ་ལས་ཐར་བར་འགྱུར། བཟའ་ཟླ་མེད་པའི་སྐྱེས་པ་དེས་གཙོ་བོའི་དོན་ལ་སེམས་ཁུར་བྱེད་དེ། གང་ལ་ཁོང་གི་ཐུགས་མཉེས་པ་དེ་བཞིན་དུ་སྤྱོད།
32 Eu quero livrá-los de preocupações. O solteiro se interessa pelas coisas do Senhor porque quer agradá-lo.
33 འོན་ཀྱང་བཟའ་ཟླ་ཡོད་པའི་སྐྱེས་པ་དེས་འཇིག་རྟེན་གྱི་དོན་ལ་སེམས་ཁུར་བྱེད་དེ། གང་ལ་ཆུང་མ་དགའ་བ་དེ་བཞིན་དུ་སྤྱོད་པས།
33 Mas o homem casado se interessa pelas coisas deste mundo porque quer agradar a sua esposa
34 ཁོའི་སེམས་ཀྱི་དོན་གཉེར་ཕྱོགས་གཉིས་སུ་གྱེས། ཁྱོ་བོ་མེད་པ་དང༌། ཡང་ན་གཉེན་སྒྲིག་བྱས་མ་མྱོང་བའི་གཞོན་ནུ་མ་ཡིས་ལུས་སེམས་གཉིས་དམ་པར་འགྱུར་བའི་ཕྱིར་གཙོ་བོ་གང་ལ་ཐུགས་མཉེས་པའི་དོན་དུ་སེམས་ཁུར་བྱེད། འོན་ཀྱང་ཁྱོ་བོ་ཡོད་པ་དེས་འཇིག་རྟེན་གྱི་དོན་ལ་སེམས་ཁུར་བྱེད་དེ། གང་ལ་ཁོ་མོའི་ཁྱོ་བོ་ལ་དགའ་བ་དེ་བཞིན་དུ་སྤྱོད།
34 e por isso é puxado para duas direções diferentes. Quanto às mulheres, tanto as viúvas quanto as solteiras, elas estão interessadas nas coisas do Senhor porque querem se dedicar de corpo e alma a ele. Mas a mulher casada se interessa pelas coisas deste mundo porque quer agradar o marido.
35 ཁྱེད་ཚོ་ལ་ཕན་པའི་ཕྱིར་ངས་དེ་ལྟར་བཤད་དེ། ཁྱེད་ཚོར་བཀག་རྒྱ་བཟོས་པ་མ་ཡིན་གྱིས། སྤྱོད་ལམ་འོས་པ་དང༌། གཙོ་བོར་ཞབས་ཕྱི་སེམས་གཉིས་སུ་མ་གྱེས་པའི་ཕྱིར་རོ། །
35 Eu estou dizendo isso porque quero ajudá-los. Não estou querendo obrigar ninguém a nada. Pelo contrário, quero que façam o que é direito e certo e que se entreguem ao serviço do Senhor com toda a dedicação.
36 གལ་ཏེ་མི་སུ་ཞིག་ལ་བག་མ་ལེན་རྒྱུའི་གཞོན་ནུ་མ་ཞིག་ཡོད་དེ། ཁོས་ཁོ་མོ་ལ་སྤྱོད་ལམ་མི་འོས་པ་བྱེད་པར་བསམས་ཤིང༌། ཁོ་མོ་རྒས་ཏེ་གཉེན་སྒྲིག་བྱེད་དགོས་ན། ཁོའི་བསམ་པ་བཞིན་བྱེད་ཆོག སྡིག་ཉེས་མེད་པས་གཉེན་སྒྲིག་བྱེད་པར་ཆོག
36 Aos que ficaram noivos, mas resolveram não casar mais, eu digo o seguinte: se o rapaz sente que assim não está agindo certo com a sua noiva e acha que a sua paixão por ela ainda é muito forte e que devem casar, então que casem. Não existe pecado nisso.
37 འོན་ཀྱང་སེམས་བརྟན་ཞིང༌། ཐབས་མེད་པའི་བྱ་བ་མ་ཐུག་པ་དང༌། རང་ཚོད་ཟིན་ཐུབ་པའི་མི་དེས་གཉེན་སྒྲིག་མི་བྱེད་པར་ཐག་བཅད་ན་ལེགས་པར་བྱེད།
37 Mas se, pelo contrário, o rapaz não se sente na obrigação de casar, se está mesmo resolvido a ficar solteiro e se é capaz de dominar a sua vontade e já resolveu o que deve fazer, então faz bem em não casar com a moça.
38 དེའི་ཕྱིར་གཞོན་ནུ་མ་དང་གཉེན་སྒྲིག་བྱེད་མཁན་ལེགས་པར་བྱེད་ཀྱང་གཉེན་སྒྲིག་མི་བྱེད་མཁན་དེ་བས་ལེགས་པར་བྱེད།
38 Assim quem casa faz bem, mas quem não casa faz melhor ainda.
39 ཁྱོ་བོ་གསོན་དུས་ཆུང་མ་ཡང་བསྐྱར་གཉེན་སྒྲིག་བྱེད་མི་ཆོག ཁྱོ་བོ་ཤི་ན་ཁོ་མོས་སུ་ཞིག་ལ་དགའ་བ་དང་གཉེན་སྒྲིག་བྱེད་པར་ཆོག འོན་ཏེ་ཁྱོ་བོ་གསར་པ་དེ་གཙོ་བོའི་ཁོངས་སུ་གཏོགས་པ་ཞིག་དགོས།
39 A mulher não está livre enquanto o seu marido estiver vivo. Caso o marido morra, ela fica livre para casar com quem quiser, contanto que case com um cristão.
40 འོན་ཀྱང་ངའི་བསམ་པར་ཁོ་མོ་ཁྱོ་བོ་མེད་པར་གནས་ན་སྐྱིད་པ་ཡིན། དེ་ནི་ངའི་བསམ་ཚུལ་ཡིན་ཏེ་ངའང་དཀོན་མཆོག་གི་ཐུགས་ཉིད་དང་ལྡན་པ་ཡིན་པར་སེམས་སོ། །
40 Porém ela será mais feliz se ficar como está. Essa é a minha opinião, e eu acho que também tenho o Espírito de Deus.
Atalhos do teclado
- Capítulo anterior←
- Próximo capítulo→
- Versículo anteriork
- Próximo versículoj
- Limpar seleçãoEsc
- Esta ajuda?
Estude este capítulo no WhatsApp
Peça à IA da Bíblia Fala para explicar 1 Coríntios 7, comparar traduções ou montar um estudo — tudo direto pelo WhatsApp.