Apocalipse 17

Central Tibetan Bible (BOD) vs NVT

Sair da comparação
NVT Nova Versão Transformadora
1 ཕོར་པ་བདུན་ཡོད་པའི་ཕོ་ཉ་བདུན་ལས་གཅིག་ངའི་རྩར་ཡོང་ནས་ང་ལ་“འདིར་ཤོག་ལ། ཆུ་མང་པོའི་སྟེང་ལ་སྡོད་པའི་སྨད་འཚོང་མ་ཆེན་མོའི་ཉེས་ཆད་ཁྱོད་ལ་སྟོན་པར་བྱ།
1 Um dos sete anjos que derramaram as sete taças se aproximou e disse: “Venha comigo, e eu lhe mostrarei o julgamento da grande prostituta que governa sobre muitas águas.
2 ཁོ་མོ་དང་མཉམ་དུ་ས་གཞིའི་རྒྱལ་པོ་རྣམས་ཀྱིས་ལོག་གཡེམ་བྱས། ཁོ་མོའི་ལོག་གཡེམ་གྱི་རྒུན་ཆང་གིས་ས་གཞི་ལ་སྡོད་པ་རྣམས་ར་བཟི་བར་གྱུར་”ཞེས་གསུངས།
2 Os reis da terra cometeram adultério com ela, e os habitantes da terra se embriagaram com o vinho de sua imoralidade”.
3 དམ་པའི་ཐུགས་ཉིད་ཀྱི་དབང་འོག་ཏུ་ཕོ་ཉ་དེས་ང་དབེན་གནས་ཤིག་ལ་འཁྲིད་ཅིང༌། གཅན་གཟན་དམར་པོ་ལ་སྡོད་པའི་བུད་མེད་མཐོང༌། མགོ་བདུན་དང་རྭ་ཅོ་བཅུ་ཡོད་པའི་གཅན་གཟན་དེ་ནི་དཀོན་མཆོག་ལ་སྐུར་བ་འདེབས་པའི་མིང་གིས་ཁེངས།
3 Então o anjo me levou no Espírito para o deserto, onde vi uma mulher montada numa besta vermelha, coberta de blasfêmias e com sete cabeças e dez chifres.
4 བུད་མེད་དེས་མདོག་དམར་པོ་དང་རྒྱ་སྨུག་གི་གོས་གྱོན་ཏེ། གསེར་དང༌། ནོར་བུ་རིན་པོ་ཆེ་དང༌། མུ་ཏིག་རྣམས་ཀྱིས་བརྒྱན། ཁོ་མོའི་ལག་ཏུ་རང་གི་ལོག་གཡེམ་གྱི་དྲི་མ་དང་ལོག་གཡེམ་གྱི་རྫས་མི་གཙང་བ་རྣམས་ཀྱིས་གང་བའི་གསེར་གྱི་ཕོར་པ་ཞིག་ཡོད།
4 A mulher estava vestida de púrpura e vermelho e enfeitada com joias de ouro, pedras preciosas e pérolas. Tinha na mão um cálice de ouro cheio de abominações e das impurezas de sua imoralidade.
5 ཁོ་མོའི་དཔྲལ་བ་ལ། སྦ་བི་ལོན་གྲོང་ཁྱེར་ཆེན་མོ། སྨད་འཚོང་མ་རྣམས་དང་ས་སྟེང་མི་གཙང་བ་རྣམས་ཀྱི་ཨ་མ་ཞེས་པའི་གསང་བའི་མིང་བྲིས་ཡོད།
5 Em sua testa estava escrito um nome misterioso: “Babilônia, a Grande, a Mãe das Prostitutas e das Abominações da Terra”.
6 བུད་མེད་དེ་དཀོན་མཆོག་གི་མི་རྣམས་ཀྱི་ཁྲག་དང༌། ཡེ་ཤུའི་དཔང་པོའི་ཁྲག་གིས་བཟི་ཡོད་པ་ངས་མཐོང༌། ཁོ་མོ་མཐོང་ནས་ཡ་མཚན་ཆེན་པོ་སྐྱེས།
6 Vi que ela estava embriagada com o sangue do povo santo, o sangue das testemunhas de Jesus. Tomado de espanto, olhei fixamente para ela.
7 ཕོ་ཉ་དེས་ང་ལ་“ཅིའི་ཕྱིར་ཡ་མཚན་པོར་གྱུར། བུད་མེད་དེ་དང༌། ཁོ་མོ་འཁུར་བའི་མགོ་བདུན་དང་རྭ་ཅོ་བཅུ་ཡོད་པའི་གཅན་གཟན་གྱི་གསང་བ་ཁྱོད་ལ་གསལ་བཤད་བྱེད་པར་བྱ།
7 “Por que você está tão espantado?”, o anjo perguntou. “Eu lhe explicarei o mistério desta mulher e da besta com sete cabeças e dez chifres na qual ela está montada.
8 ཁྱོད་ཀྱིས་མཐོང་བའི་གཅན་གཟན་ནི་སྔར་ཡོད་པ་དང༌། ད་ལྟ་མེད་པ། རྗེས་སུ་གཏིང་མཐའ་མེད་པའི་དོང་ནས་འཐོན་ཞིང༌། འཇིག་པར་འགྲོ་བར་འགྱུར། ས་གཞི་ལ་སྡོད་མཁན་ཏེ། འཇིག་རྟེན་གསར་དུ་བཀོད་པ་ནས་དཔག་ཏུ་མེད་པའི་ཚེའི་མདོ་ལ་མིང་མ་འཁོད་པ་རྣམས་ཀྱིས་གཅན་གཟན་དེ་སྔར་ཡོད་པ། ད་ལྟ་མེད་པ། རྗེས་སུ་འོང་བ་མཐོང་ནས་ཡ་མཚན་དུ་འགྱུར།
8 A besta que você viu esteve viva, mas agora não está mais. E, no entanto, em breve subirá do abismo e irá para a destruição. Os habitantes da terra, cujos nomes não foram escritos no Livro da Vida desde a criação do mundo, ficarão admirados com o reaparecimento da besta que havia morrido.
9 དོན་དེ་རྟོགས་པར་ཤེས་རབ་དགོས། མགོ་བདུན་པོ་ནི་བུད་མེད་བསྡད་ཡོད་པའི་རི་བདུན་དང༌། རྒྱལ་པོ་བདུན་མཚོན།
9 “Aqui é preciso pensar com sabedoria. As sete cabeças da besta representam os sete montes onde a mulher governa, e também representam sete reis.
10 རྒྱལ་པོ་དེ་རྣམས་ལས་རྒྱལ་པོ་ལྔ་ཤི་ཟིན། གཅིག་ད་ལྟ་ཡོད། གཞན་པ་དེ་ད་དུང་མ་འོང༌། འོང་ནས་དུས་ཐུང་ངུ་ལ་ངེས་པར་གནས་དགོས།
10 Cinco deles já caíram, o sexto está governando e o sétimo ainda não veio, mas seu reinado será breve.
11 སྔར་ཡོད་པ་དང༌། ད་ལྟ་མེད་པའི་གཅན་གཟན་ནི་རྒྱལ་པོ་བརྒྱད་པ་ཡིན་ཡང༌། རྒྱལ་པོ་བདུན་པོ་ལྟར་ཡིན་དེ་འཇིག་པར་འགྲོ་བར་འགྱུར།
11 “A besta que esteve viva, mas agora não está mais, é o oitavo rei. É como os outros sete, e também caminha para a destruição.
12 ཁྱོད་ཀྱི་མཐོང་བའི་རྭ་ཅོ་བཅུ་ནི་རྒྱལ་ཁམས་ད་དུང་མ་འཐོབ་པའི་རྒྱལ་པོ་བཅུ་ཡིན་ཏེ། ཁོ་ཚོ་ལ་གཅན་གཟན་དང་བཅས་པར་ཆུ་ཚོད་གཅིག་གི་བར་དུ་རྒྱལ་པོའི་དབང་འཐོབ་པར་འགྱུར།
12 Os dez chifres da besta são dez reis que ainda não subiram ao poder. Serão nomeados para seus reinos por um breve período, para reinarem com a besta,
13 ཁོ་རྣམས་སེམས་མཐུན་ནས་རང་གི་དབང་གཅན་གཟན་ལ་གཏོད་པར་འགྱུར།
13 e concordarão em entregar a ela seu poder e sua autoridade.
14 ཁོ་ཚོས་ལུ་གུ་ལ་དམག་འདྲེན་ཡང༌། ལུ་གུས་རྒྱལ་པོ་དེ་རྣམས་ལས་རྒྱལ་བར་འགྱུར། གང་ལགས་ཤེ་ན། ལུ་གུ་ཁོང་ནི་གཙོ་བོ་རྣམས་ཀྱི་གཙོ་བོ་དང་རྒྱལ་པོ་རྣམས་ཀྱི་རྒྱལ་པོ་ཡིན་པས། ཁོང་དང་མཉམ་དུ་ཡོད་པ་རྣམས་ཏེ་བོས་པ་དང༌། བདམས་པ་དང༌། བློ་གཏད་ཆོག་པ་ཡིན་པས་སོ་”ཞེས་གསུངས།
14 Juntos, guerrearão contra o Cordeiro, mas o Cordeiro os derrotará, pois é Senhor dos senhores e Rei dos reis. E com ele estarão seus chamados, escolhidos e fiéis.”
15 དེ་ནས་ཕོ་ཉ་དེས་ང་ལ་“ཁྱོད་ཀྱིས་མཐོང་བའི་སྨད་འཚོང་མ་སྡོད་པའི་ཆུ་རྣམས་ཀྱིས་མི་རིགས་དང༌། མང་ཚོགས། རྒྱལ་ཁབ། སྐད་རིགས་མཚོན།
15 Em seguida, o anjo me disse: “As águas que você viu, onde a prostituta governa, representam multidões de todas as nações e línguas.
16 ཡང་ཁྱོད་ཀྱིས་མཐོང་བའི་རྭ་ཅོ་བཅུ་དང་གཅན་གཟན་གྱིས་སྨད་འཚོང་མ་ལ་སྡང་ནས་ཁོ་མོའི་རྒྱུ་ནོར་འཕྲོག་སྟེ་གོས་མེད་པར་བྱེད། ཁོ་མོའི་ཤ་ཟ་ཞིང་མེ་ཡིས་སྲེག་པར་འགྱུར།
16 A besta e os dez chifres que você viu odiarão a prostituta. Eles a deixarão nua, comerão sua carne e destruirão o restante com fogo.
17 དཀོན་མཆོག་གི་དགོངས་པ་མ་སྒྲུབ་པའི་བར་དུ་རྒྱལ་པོ་བཅུ་སེམས་གཅིག་ཏུ་གྱུར་ནས་རང་གི་རྒྱལ་ཁམས་གཅན་གཟན་ལ་གཏོད་དུ་བཅུག་པའི་སྒོ་ནས་དཀོན་མཆོག་གིས་དེ་རྣམས་ལ་རང་གི་དོན་སྒྲུབ་ཏུ་འཇུག་པར་མཛད།
17 Porque Deus colocou no coração deles um plano que executará sua vontade. Eles concordarão em entregar a autoridade à besta, cumprindo-se assim as palavras de Deus.
18 ཁྱོད་ཀྱིས་མཐོང་བའི་བུད་མེད་དེས་ས་གཞིའི་རྒྱལ་པོ་རྣམས་ལ་དབང་སྒྱུར་བའི་གྲོང་ཁྱེར་ཆེན་མོ་མཚོན་”ཞེས་གསུངས་སོ། །
18 E a mulher que você viu representa a grande cidade que governa sobre os reis da terra”.

Ler em outra tradução

Comparar com outra

Estude este capítulo no WhatsApp

Peça à IA da Bíblia Fala para explicar Apocalipse 17, comparar traduções ou montar um estudo — tudo direto pelo WhatsApp.