2 Pedro 1

Central Tibetan Bible (BOD) vs BKJ

Sair da comparação
1 ཡེ་ཤུ་མཱ་ཤི་ཀའི་ཞབས་ཕྱི་དང་སྐུ་ཚབ་སི་མེ་ཡོན་པེ་ཏྲོ་ཡིས། ངེད་ཀྱི་དཀོན་མཆོག་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་དྲང་བདེན་ཉིད་ཀྱི་སྒོ་ནས་ང་ཚོའི་རྩ་ཆེ་བའི་དད་པ་དང་གཅིག་པ་འཐོབ་མཁན་རྣམས་ལ་འཕྲིན་ཡིག་འདི་ཕུལ་ལོ།
1 Simão Pedro, servo e apóstolo de Jesus Cristo, àqueles que receberam conosco a preciosa fé, através da justiça de Deus e nosso Salvador Jesus Cristo:
2 ཁྱེད་རྣམས་ལ་དཀོན་མཆོག་དང་ང་ཚོའི་གཙོ་བོ་ཡེ་ཤུ་རྟོགས་པ་བརྒྱུད་ནས་ཐུགས་རྗེ་དང༌། ཞི་བདེ་འཕེལ་བར་གྱུར་ཅིག
2 Graça e paz vos sejam multiplicadas, por meio do conhecimento de Deus, e de Jesus nosso Senhor.
3 དཀོན་མཆོག་གིས་རང་གི་ནུས་མཐུའི་སྒོ་ནས་ཚེ་དང་ཆོས་སེམས་ལ་གང་དགོས་པ་ཐམས་ཅད་ང་ཚོར་གནང་བ་ཡིན། དེ་ནི་ཁོང་གི་གཟི་བརྗིད་དང་ཐུགས་བཟང་པོ་བརྒྱུད་ནས་ང་ཚོ་བོས་པར་མཛད་མཁན་རྟོགས་པའི་སྒོ་ནས་དེ་ཐམས་ཅད་ཐོབ།
3 Conforme o seu divino poder, deu-nos todas as coisas que dizem respeito à vida e à piedade, pelo conhecimento daquele que nos chamou para a glória e virtude.
4 དོན་དེ་རྣམས་ཀྱི་སྒོ་ནས་ཁོང་གིས་ཉིད་ཀྱི་རྩ་ཆེ་དང་བླ་ན་མེད་པའི་ཞལ་ཆད་རྣམས་ང་ཚོར་གནང་བ་ཡིན། དེ་ཚོ་བརྒྱུད་ནས་ཁྱེད་ཚོ་དཀོན་མཆོག་གི་རང་གཤིས་ལ་ལོངས་སུ་སྤྱོད་པ་དང༌། འདོད་པ་ངན་པའི་རྐྱེན་གྱིས་འཇིག་རྟེན་ནང་ཡོད་པའི་ངན་རུལ་ལས་ཐར་བར་གྱུར།
4 Pelas quais nos são concedidas grandíssimas e preciosas promessas, para que através destas possais ser participantes da natureza divina, havendo escapado da corrupção que há no mundo, através da concupiscência.
5 ཡང་དོན་དེ་ཉིད་ཀྱི་ཕྱིར་དད་པའི་སྟེང་སྤྱོད་ལམ་བཟང་པོ་དང༌། སྤྱོད་ལམ་བཟང་པོའི་སྟེང་རྟོགས་པ།
5 E além disto, com toda a diligência, acrescentai virtude à vossa fé, e à virtude o conhecimento,
6 རྟོགས་པའི་སྟེང་ཚོད་འཛིན་དང༌། ཚོད་འཛིན་གྱི་སྟེང་བཟོད་པ། བཟོད་པའི་སྟེང་ཆོས་སེམས་དང་ལྡན་པ་དང༌།
6 e ao conhecimento a temperança, e à temperança a paciência, e à paciência a piedade,
7 ཆོས་སེམས་དང་ལྡན་པའི་སྟེང་སྤུན་ཟླ་རྣམས་ལ་བྱམས་པ་དང༌། སྤུན་ཟླ་རྣམས་ལ་བྱམས་པའི་སྟེང་མི་ཚང་མར་བྱམས་པར་ཁ་སྣོན་རྒྱག་པར་འབད་རྩོལ་བྱེད་དགོས།
7 e à piedade a gentileza fraternal, e à gentileza fraternal a caridade.
8 རྒྱུ་མཚན་ནི་དོན་དེ་རྣམས་ཁྱེད་ཚོར་ཡོད་ཅིང་འཕེལ་བར་གྱུར་ན། ཁྱེད་ཚོ་ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་རྟོགས་པའི་ནང་ཕན་མེད་པའམ། འབྲས་བུ་མེད་པར་མི་འགྱུར།
8 Porque se em vós houver estas coisas, e com abundância, eles não vos deixarão estéreis e nem infrutíferos no conhecimento de nosso Senhor Jesus Cristo.
9 སུ་ཞིག་ལ་སྤྱོད་བཟང་དེ་ཚོ་མེད་ན་ཉེ་མཐོང་ངམ་ལོང་བ་དང་འདྲ་བ་ཞིག་ཡིན་ཏེ། སྔར་བྱས་པའི་སྡིག་ཉེས་རྣམས་དག་པར་མཛད་པ་བརྗེད་པས་སོ།
9 Porém aquele que não tem estas coisas é cego, e não consegue enxergar ao longe, e esqueceu-se de que foi purificado dos seus antigos pecados.
10 དེའི་ཕྱིར་སྤུན་ཟླ་རྣམས། ཁྱེད་ཚོ་དཀོན་མཆོག་གིས་བོས་པ་དང་བདམས་པ་དེ་བརྟན་པོར་འགྱུར་བའི་ཆེད་དེ་བས་བརྩོན་ཞིག དེ་ལྟར་བྱས་ན་ཁྱེད་ཚོ་ཐར་པའི་ལམ་ལས་ཁ་བྲལ་ནས་ནམ་ཡང་མི་ལྷུང༌།
10 Portanto, irmãos, procurai diligentemente firmar o vosso chamado e eleição; porque, se fizerdes essas coisas, jamais caireis.
11 དེ་ལྟར་ན་དཀོན་མཆོག་གིས་ཁྱེད་ཚོ་ང་ཚོའི་གཙོ་བོ་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་མཐའ་མེད་པའི་རྒྱལ་སྲིད་དུ་དགའ་བསུ་ཞུ་ནས་ཞུགས་པར་འགྱུར།
11 Porque assim uma entrada vos será amplamente ministrada no reino eterno de nosso Senhor e Salvador Jesus Cristo.
12 ཁྱེད་ཚོས་དོན་དེ་རྣམས་ཤེས་ཤིང༌། ཁྱེད་ལ་ཡོད་པའི་བདེན་པ་ལ་བརྟན་པོར་གནས་ཀྱང༌། ངས་རྟག་ཏུ་དོན་དེ་ཚོའི་སྐོར་དྲན་སྐུལ་བྱེད་པར་འདོད།
12 Portanto, não serei negligente em lembrar-vos a respeito destas coisas, embora as saibais, e estejais estabelecidos na presente verdade.
13 ང་ལུས་ཕུང་གི་གུར་འདིའི་ནང་ཡོད་རིང་ཁྱེད་ཚོར་དྲན་སྐུལ་བྱེད་པ་དེ་འོས་པར་སེམས།
13 E penso que convém, enquanto eu estiver neste tabernáculo, animá-los através de recordações,
14 གང་ཡིན་ཟེར་ན། ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀས་ང་ལ་གསལ་པོར་བསྟན་པ་ལྟར་ངའི་ལུས་ཕུང་གི་གུར་འདི་རྡིབས་པའི་དུས་ཉེ་བ་ཡིན་པར་ཤེས།
14 sabendo que brevemente devo deixar este meu tabernáculo, assim como o nosso Senhor Jesus Cristo me mostrou.
15 ང་འཆི་བའི་རྗེས་སུ་ཡང་ཁྱེད་ཚོས་རྟག་ཏུ་དོན་འདི་རྣམས་དྲན་ཐུབ་པའི་ཆེད་དུ་ངས་བརྩོན་པར་བྱེད་རྒྱུ་ཡིན།
15 Além disso, esforçar-me-ei para que, depois da minha morte, tenhais estas coisas sempre em vossa lembrança.
16 ང་ཚོས་ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ནུས་མཐུ་དང་སླར་ཕེབས་རྒྱུའི་སྐོར་ཁྱེད་ཚོར་སྒྲོག་སྐབས་རྟོག་བཟོའི་སྒྲུང་མ་བཤད་དེ། ཁོང་གི་གཟི་བརྗིད་ང་ཚོའི་མིག་གིས་མཐོང་བས་བརྗོད་པ་ཡིན།
16 Porque não seguimos astuciosamente fábulas imaginárias, ao vos anunciar o poder e a vinda de nosso Senhor Jesus Cristo, porém fomos testemunhas oculares de sua majestade.
17 དཀོན་མཆོག་གི་བླ་ན་མེད་པའི་གཟི་བརྗིད་དང་ལྡན་པའི་གསུང་དེས་ཁོང་ལ། འདི་ནི་ངའི་གཅེས་པའི་སྲས་ཡིན། དེ་ལ་ངའི་སེམས་དགའོ་ཞེས་གསུང་སྐབས་ཁོང་ལ་ཡབ་དཀོན་མཆོག་ནས་བཀུར་སྟི་དང་གཟི་བརྗིད་ཐོབ།
17 Porquanto ele recebeu de Deus o Pai, honra e glória, quando lhe veio uma voz da magnífica glória: Este é o meu Filho amado, em quem me comprazo.
18 གནས་རི་ལ་ཁོང་དང་མཉམ་དུ་ཡོད་པའི་དུས་སུ་དཀོན་མཆོག་གི་ཞིང་ཁམས་ནས་བྱུང་བའི་གསུང་དེ་ང་ཚོ་ཉིད་ཀྱིས་ཐོས་པས།
18 E ouvimos esta voz que veio do céu, quando estávamos nós com ele no monte santo.
19 ལུང་སྟོན་པའི་བཀའ་བདེན་པ་ཡིན་པ་ང་ཚོར་དེ་བས་ངེས་པ་རྙེད། དེ་ནི་མུན་པའི་གནས་ལ་འབར་བའི་མར་མེ་དང་འདྲ་བ་ཡིན་པས། སྐྱ་རེངས་ཤར་ཞིང༌། ཁྱེད་ཚོའི་སེམས་ལ་ཞོགས་པའི་སྐར་མ་མ་ཤར་བའི་བར་དུ། ཁྱེད་ཚོས་ཁོང་ཚོའི་བཀའ་ལ་དོ་ནན་བྱས་ན་ལེགས།
19 E temos também uma palavra de profecia mais segura, à qual bem fazeis em estar atentos, como a uma luz que brilha em um lugar es­curo, até que o dia amanheça, e a estrela da manhã surja em vossos corações.
20 ཁྱེད་ཚོས་ཐོག་མར་འདི་ཤེས་པར་གྱིས་ཤིག གསུང་རབ་ཀྱི་ལུང་བསྟན་གང་ཡང་རུང་ལུང་སྟོན་པའི་བསམ་པ་ལས་མ་བྱུང༌།
20 Sabendo isto primeiramente: Que nenhuma profecia da escritura é de particular interpretação.
21 གང་ཡིན་ཞེ་ན། ལུང་བསྟན་གང་ཡང་མིའི་བསམ་འདུན་ལས་མ་བྱུང་བར། དམ་པའི་ཐུགས་ཉིད་ཀྱིས་སྐུལ་བས་མི་རྣམས་ཀྱིས་དཀོན་མཆོག་གི་གསུང་བཞིན་བཤད་དོ། །
21 Porque a profecia não veio no tempo antigo por vontade de homem algum, mas os homens santos de Deus falaram à medida que eram movidos pelo Espírito Santo.

Ler em outra tradução

Comparar com outra

Estude este capítulo no WhatsApp

Peça à IA da Bíblia Fala para explicar 2 Pedro 1, comparar traduções ou montar um estudo — tudo direto pelo WhatsApp.