2 Coríntios 8
Central Tibetan Bible (BOD) vs NTLH
1 སྤུན་ཟླ་རྣམས། དཀོན་མཆོག་གིས་མ་ཀེ་དོན་ཡཱ་ཡུལ་གྱི་ཆོས་ཚོགས་རྣམས་ལ་གནང་བའི་ཐུགས་རྗེའི་སྐོར་ཁྱེད་ཚོས་ཤེས་པར་འདོད་དེ།
1 Irmãos, queremos que vocês saibam o que a graça de Deus tem feito nas igrejas da província da Macedônia.
2 སྡུག་བསྔལ་ཚབས་ཆེན་གྱི་ཉམས་ཚོད་མྱོང་དུས་ཁོ་ཚོའི་དགའ་སྤྲོ་ཆེན་པོ་དང༌། ཆེས་དབུལ་ཕོངས་ཡིན་ཡང་གཏོང་ཕོད་ཆེན་པོ་བྱེད།
2 Os irmãos dali têm sido muito provados pelas aflições por que têm passado. Mas a alegria deles foi tanta, que, embora sendo muito pobres, eles deram ofertas com grande generosidade.
3 ཁོ་ཚོས་ཇི་ཐུབ་ཀྱིས་སྦྱིན་པ་བཏང་བ་མ་ཟད། རང་གི་འདོད་པ་ལྟར་དེ་ལས་ལྷག་པ་བཏང་བར་ངས་དཔང་པོ་བྱེད།
3 Afirmo a vocês que eles fizeram tudo o que podiam e mais ainda. E, com toda a boa vontade,
4 དཀོན་མཆོག་གི་མི་རྣམས་ལ་སྦྱིན་པ་གཏོང་བའི་སྐལ་བ་འཐོབ་པའི་ཆེད་དུ་ང་ཚོར་ཡང་ཡང་ནན་གྱིས་ཞུས་ཤིང༌།
4 pediram com insistência que os deixássemos participar da ajuda para o povo de Deus da Judeia e eles insistiram nisso.
5 ང་ཚོའི་རེ་བ་ལས་ལྷག་པར་བྱས་ཏེ་ཁོ་ཚོས་དང་ཐོག་རང་གཙོ་བོ་ལ་ཕུལ་བ་དང༌། དཀོན་མཆོག་གི་དགོངས་པ་ལྟར་ང་ཚོ་ལའང་གཏད།
5 E fizeram muito mais do que esperávamos. Primeiro, eles deram a si mesmos ao Senhor e depois, pela vontade de Deus, eles se deram a nós também.
6 དེའི་ཕྱིར་ཐེ་ཏུ་ཡིས་སྔར་ལས་ཀ་དེ་འགོ་བཙུགས་པས། ཁོང་གིས་ཁྱེད་ཚོའི་ཁྲོད་དུ་ཐུགས་རྗེའི་ལས་ཀ་འདི་སྒྲུབ་དགོས་པར་ང་ཚོས་སྐུལ།
6 De modo que pedimos a Tito, que começou a recolher essas ofertas, que continuasse e ajudasse vocês a completarem esse serviço especial de amor.
7 དད་པ་དང༌། གཏམ། རྟོགས་པ། ཀུན་ལ་བརྩོན་འགྲུས་བྱེད་པ། ང་ཚོར་བྱམས་པ། དོན་ཐམས་ཅད་ཁྱེད་ཚོས་ལེགས་པར་བཞིན་དུ་བྱེད་པ། སྦྱིན་པ་གཏོང་བའི་ཐུགས་རྗེའི་ལས་ཀ་འདི་ཡང་ལེགས་པར་གྱིས་ཤིག
7 Vocês mostram que, em tudo, são mais ricos do que os outros: na fé, na palavra, no conhecimento, na vontade de ajudar os outros e no nosso amor por vocês. E nesse novo serviço de amor queremos também que façam mais do que os outros.
8 དེ་ནི་བཀའ་རྒྱ་མིན་ཏེ་གཞན་གྱི་བརྩོན་སེམས་དང་སྡུར་བའི་སྒོ་ནས་ཁྱེད་ཚོའི་བྱམས་སེམས་ལྷད་ཡོད་མེད་ཚོད་ལྟ་བྱེད་པར་འདོད།
8 Não estou querendo mandar em vocês. O que eu estou querendo é que conheçam o entusiasmo com que as igrejas da Macedônia deram ofertas, para que assim vocês vejam se o amor de vocês é verdadeiro ou não.
9 ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་ཚོས་ཤེས་ཏེ། ཁོང་ཕྱུག་པོ་ཡིན་ཡང་ཁྱེད་ཚོའི་དོན་ལ་དབུལ་པོར་གྱུར། དེ་ནི་ཁོང་གི་དབུལ་ཕོངས་ཀྱི་སྒོ་ནས་ཁྱེད་ཚོ་དཀོན་མཆོག་གི་སྤྱན་སྔར་ཕྱུག་པོར་འགྱུར་བའི་ཆེད་དུ་ཡིན།
9 Porque vocês já conhecem o grande amor do nosso Senhor Jesus Cristo: ele era rico, mas, por amor a vocês, ele se tornou pobre a fim de que vocês se tornassem ricos por meio da pobreza dele.
10 ཡང་ཁྱེད་ཚོར་ཕན་པའི་ཕྱིར་དོན་འདིར་ངའི་བསླབ་བྱ་འདི་ལྟར་ཡིན་ཏེ། ན་ནིང་ཁྱེད་ཚོ་སྦྱིན་པ་གཏོང་འགོ་བཙུགས་མཁན་དང་པོ་ཡིན་པ་མ་ཟད། སྦྱིན་པ་གཏོང་བར་འདོད་མཁན་དང་པོའང་ཡིན་པས།
10 Minha opinião sobre o assunto é esta: é melhor para vocês que terminem agora o que começaram no ano passado. Vocês foram os primeiros não somente a ajudar, mas também a querer ajudar.
11 ད་སྦྱིན་པའི་ལས་ཀ་དེ་སྒྲུབ་ཅིག སྔར་བྱེད་འདོད་པ་ལ་དགའ་བ་ལྟར་རྒྱུ་ནོར་ཡོད་པའི་ཚད་བཞིན་དུ་སྒྲུབ་དགོས།
11 Portanto, continuem e completem o trabalho. Façam isso com o mesmo entusiasmo que tiveram no princípio, dando de acordo com o que têm.
12 སྦྱིན་པ་གཏོང་སེམས་ཡོད་ན། མེད་པ་ཕུལ་བར་མི་དགོས་ཀྱི། གང་ཡོད་པའི་ཚད་བཞིན་དུ་སྦྱིན་པ་བཏང་ན་དེ་དཀོན་མཆོག་ཐུགས་མཉེས།
12 Porque, se alguém quer dar, Deus aceita a oferta conforme o que a pessoa tem. Deus não pede o que a pessoa não tem.
13 དེ་ནི་གཞན་གྱི་འཚོ་བའི་ཁུར་པོ་ཡང་པོ་དང་ཁྱེད་ཚོར་སྡུག་པོ་གཏོང་བ་མིན། ཐམས་ཅད་ཆ་མཉམ་པར་འགྱུར་བའི་ཆེད་དུ་ཡིན།
13 — ausente —
14 ད་ལྟ་ཁྱེད་ཀྱི་རྒྱུ་ནོར་འབེལ་བས་ཁོ་ཚོའི་དགོས་པ་སྐོང་ཞིང༌། རྗེས་སུ་ཁོ་ཚོའི་རྒྱུ་ནོར་འབེལ་བས་ཁྱེད་ཚོའི་དགོས་པ་སྐོང་ཐུབ། དེ་ནས་ཁྱེད་ཚོ་ཆ་མཉམ་པར་འགྱུར།
14 — ausente —
15 གསུང་རབ་ཀྱི་མདོ་ལས།
15 Como dizem as Escrituras Sagradas : “Ao que muito pegou, nada sobrou; ao que pouco pegou, nada faltou.”
16 ངས་ཁྱེད་ཚོར་ཕན་པའི་བརྩོན་སེམས་ཡོད་པ་བཞིན་དུ། དེ་ལྟར་དཀོན་མཆོག་གིས་བརྩོན་སེམས་དེ་ཐེ་ཏུ་ལ་གནང༌། དེའི་ཕྱིར་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུའོ།
16 Agradecemos muito a Deus porque pôs no coração de Tito o mesmo desejo que nós temos de ajudar vocês.
17 ཐེ་ཏུ་ཡིས་ང་ཚོས་སྐུལ་བར་ཉན་པ་མ་ཟད། བརྩོན་སེམས་ལྡན་པས་རང་ཉིད་ཀྱི་འདོད་པ་ལྟར་ཁྱེད་ཚོའི་རྩར་འགྲོ་བཞིན་ཡོད།
17 Ele aceitou o nosso pedido e, como quer ajudá-los, resolveu ir com toda a boa vontade encontrar-se com vocês.
18 ཡང་འཕྲིན་བཟང་སྒྲོག་པས་ཆོས་ཚོགས་ཚང་མའི་ཁྲོད་དུ་སྙན་གྲགས་ཅན་གྱི་སྤུན་ཟླ་དེ་ང་ཚོས་ཁོང་དང་མཉམ་དུ་གཏོང་བཞིན་ཡོད།
18 Junto com ele estamos enviando o irmão que é muito respeitado em todas as igrejas pelo seu trabalho de anunciar o evangelho .
19 དེ་མ་ཟད་གཙོ་བོའི་གཟི་བརྗིད་འཕེལ་བར་བྱེད་ཅིང༌། རོགས་པ་བྱེད་པའི་བརྩོན་སེམས་ཡོད་པ་སྟོན་པའི་ཕྱིར། ང་ཚོས་སྦྱིན་པ་གཏོང་བའི་ཐུགས་རྗེའི་ལས་ཀ་འདི་བྱེད་དུས་ཆོས་ཚོགས་རྣམས་ཀྱིས་སྤུན་ཟླ་དེ་ང་ཚོ་དང་མཉམ་དུ་འགྲུལ་བར་བདམས།
19 Além disso esse irmão foi escolhido e indicado pelas igrejas para viajar conosco a fim de nos ajudar nesse serviço de amor que fazemos para a glória do Senhor e também para mostrar que, de fato, queremos ajudar.
20 དེ་ནི་ང་ཚོས་དོ་དམ་བྱེད་བཞིན་པའི་གཏོང་ཕོད་ཅན་གྱི་སྦྱིན་པ་འདིའི་དོན་དུ་མི་སུ་ཞིག་གིས་ང་ཚོར་སྐྱོན་འདོགས་བྱེད་མི་དགོས་པའི་ཆེད་དུ་ཡིན།
20 Queremos evitar assim que outros nos critiquem por causa da maneira pela qual estamos recolhendo essa grande oferta.
21 གང་ལགས་ཤེ་ན། གཙོ་བོའི་སྤྱན་སྔར་མ་ཟད། མི་རྣམས་ཀྱི་མདུན་དུའང་ང་ཚོས་ཡང་དག་པའི་ལས་བྱེད་པར་སེམས།
21 A nossa vontade é fazer aquilo que tanto o Senhor como as pessoas acham certo.
22 ཡང་ཁོང་ཚོ་དང་མཉམ་དུ་ང་ཚོས་སྤུན་ཟླ་གཞན་ཞིག་གཏོང༌། ང་ཚོས་ཐེངས་མང་པོར་ཁོང་ལ་ཉམས་ཚོད་བྱས་ནས་དོན་མང་པོར་བརྩོན་སེམས་ཡོད་པར་ར་སྤྲོད་བྱས། ཁྱེད་ཚོ་ལ་ཡིད་ཆེས་ཤིན་ཏུ་བྱེད་དེ། ད་ལྟ་ཁོའི་བརྩོན་སེམས་དེ་སྔོན་ལས་ཆེ་བར་གྱུར།
22 Com eles, estamos enviando outro irmão nosso. Muitas vezes o pusemos à prova e assim sabemos que ele está sempre pronto para ajudar. E, agora que ele tem tanta confiança em vocês, está com muito mais vontade ainda de auxiliar.
23 ཐེ་ཏུ་ནི་ངའི་རོགས་པ་དང༌། ཁྱེད་ཚོར་ཞབས་ཏོག་བྱེད་པའི་ཕྱིར་ངའི་ལས་རོགས་ཀྱང་ཡིན། ངེད་ཀྱི་སྤུན་ཟླ་རྣམས་ནི་ཆོས་ཚོགས་རྣམས་ཀྱི་ཕོ་ཉ་དང་མཱ་ཤི་ཀའི་གཟི་བརྗིད་སྟོན་མཁན་ཡིན།
23 A respeito de Tito afirmo que ele é meu companheiro de trabalho na ajuda que dou a vocês. E, quanto aos outros irmãos que vão com ele, são representantes das igrejas e trazem glória para Cristo.
24 དེའི་ཕྱིར་ཆོས་ཚོགས་རྣམས་ཀྱི་མདུན་དུ་ཁོ་ཚོར་ཁྱེད་ཚོའི་བྱམས་པ་དང༌། ངེད་རྣམས་ཀྱིས་ཁྱེད་ཚོར་སྤོབས་པ་བྱེད་པའི་རྒྱུ་རྐྱེན་སྟོན་ཅིག །
24 Por isso, para que as outras igrejas fiquem sabendo, mostrem a esses irmãos que vocês os amam e que nós temos razão de elogiar vocês.
Atalhos do teclado
- Capítulo anterior←
- Próximo capítulo→
- Versículo anteriork
- Próximo versículoj
- Limpar seleçãoEsc
- Esta ajuda?
Estude este capítulo no WhatsApp
Peça à IA da Bíblia Fala para explicar 2 Coríntios 8, comparar traduções ou montar um estudo — tudo direto pelo WhatsApp.