2 Coríntios 4

Central Tibetan Bible (BOD) vs NVT

Sair da comparação
NVT Nova Versão Transformadora
1 དེའི་ཕྱིར་དཀོན་མཆོག་གི་ཐུགས་རྗེའི་སྒོ་ནས་ཞབས་ཏོག་འདི་ཡོད་པས་ང་ཚོ་ཡིད་མི་ཞུམ།
1 Portanto, visto que Deus, em sua misericórdia, nos deu a tarefa de ministrar nesse novo sistema, nunca desistimos.
2 དེ་ལས་ལྡོག་སྟེ་སྤྱོད་ལམ་ངོ་ཚ་ཅན་དང་གསང་བ་འཛེམས་ཏེ་ང་ཚོས་གཡོ་ཐབས་དང༌། དཀོན་མཆོག་གི་བཀའ་ལ་འཁྱོག་བཤད་མི་བྱེད། བདེན་པ་གསལ་པོར་བསྟན་པའི་སྒོ་ནས་དཀོན་མཆོག་གི་སྤྱན་སྔར་ང་ཚོས་མི་རེ་རེའི་དྲང་སེམས་ལ་རེ་འབོད་བྱེད།
2 Rejeitamos todos os atos vergonhosos e métodos dissimulados. Não procuramos enganar ninguém nem distorcemos a palavra de Deus. Em vez disso, dizemos a verdade diante de Deus, e todos que são honestos sabem disso.
3 ང་ཚོས་སྒྲོག་པའི་འཕྲིན་བཟང་ལ་ཁེབས་ཀྱིས་སྒྲིབ་པ་ལྟར་སྣང་ཡང༌། འཇིག་པར་འགྱུར་བ་རྣམས་འབའ་ཞིག་ལ་སྒྲིབ་པ་ཡིན།
3 Se as boas-novas que anunciamos estão encobertas atrás de um véu, é apenas para aqueles que estão perecendo.
4 དཀོན་མཆོག་གི་གཟུགས་བརྙན་རང་ཡིན་ཏེ་མཱ་ཤི་ཀའི་གཟི་བརྗིད་ཀྱི་འཕྲིན་བཟང་གི་འོད་མི་མཐོང་བའི་ཕྱིར། འཇིག་རྟེན་འདིའི་བདུད་སཱ་ཏན་གྱིས་དད་པ་མེད་པ་རྣམས་ཀྱི་སེམས་རྨོངས་པར་བྱས།
4 O deus deste mundo cegou a mente dos que não creem, para que não consigam ver a luz das boas-novas, não entendendo esta mensagem a respeito da glória de Cristo, que é a imagem de Deus.
5 ང་ཚོས་རང་དོན་མི་སྒྲོག ཡེ་ཤུ་མཱ་ཤི་ཀ་གཙོ་བོ་ཡིན་པ་དང༌། ཁོང་གི་དོན་ལ་ང་ཚོ་ནི་ཁྱེད་ཀྱི་ཞབས་ཕྱི་ཡིན་པ་སྒྲོག
5 Não andamos por aí falando de nós mesmos, mas proclamamos que Jesus Cristo é Senhor e que nós mesmos somos servos de vocês por causa de Jesus.
6 མཱ་ཤི་ཀའི་སྒོ་ནས་དཀོན་མཆོག་གི་གཟི་བརྗིད་ཀྱི་རྟོགས་པའི་འོད་ང་ཚོར་གནང་བའི་ཆེད་དུ། མུན་པ་ལས་འོད་འབྱུང་ཞིག་ཅེས་གསུང་མཁན་དཀོན་མཆོག་གིས་ཁོང་གི་འོད་ངེད་རྣམས་ཀྱི་སེམས་ལ་འཕྲོ་བར་མཛད།
6 Pois Deus, que disse: “Haja luz na escuridão”, é quem brilhou em nosso coração, para que conhecêssemos a glória de Deus na face de Jesus Cristo.
7 དཔག་ཏུ་མེད་པའི་ནུས་མཐུ་འདི་ནི་ང་ཚོའི་མ་ཡིན་ཏེ་དཀོན་མཆོག་གི་ཡིན་པར་སྟོན་པའི་ཕྱིར་རྩ་ཆེའི་ནོར་བུ་འདི་རྫ་སྣོད་ཀྱི་ནང་ལ་ཡོད།
7 Agora nós mesmos somos como vasos frágeis de barro que contêm esse grande tesouro. Assim, fica evidente que esse grande poder vem de Deus, e não de nós.
8 རྣམ་པ་ཀུན་ནས་སྡུག་གི་གཟིར་ཡང་རྫི་བར་མ་གྱུར། ག་བྱེད་འདི་བྱེད་མེད་པར་གྱུར་ཡང༌། རེ་བ་མ་ཟད།
8 De todos os lados somos pressionados por aflições, mas não esmagados. Ficamos perplexos, mas não desesperados.
9 མནར་གཅོད་མྱོང་ཡང་དོར་བ་མིན། བསྒྱེལ་ཡང་མི་འཆི།
9 Somos perseguidos, mas não abandonados. Somos derrubados, mas não destruídos.
10 ཡེ་ཤུའི་སྐུ་ཚེ་ང་ཚོའི་གཟུགས་པོའི་སྒོ་ནས་མངོན་པར་འགྱུར་བའི་ཕྱིར་ཁོང་གི་གྲོངས་པ་ང་ཚོའི་གཟུགས་པོར་རྟག་ཏུ་འཁུར།
10 Pelo sofrimento, nosso corpo continua a participar da morte de Jesus, para que a vida de Jesus também se manifeste em nosso corpo.
11 ཁོང་གི་སྐུ་ཚེ་ང་ཚོའི་མི་རྟག་པའི་གཟུགས་པོར་མངོན་པར་འགྱུར་བའི་ཕྱིར། ཡེ་ཤུའི་དོན་ལ་ང་ཚོ་འཚོ་བའི་དུས་རྟག་ཏུ་འཆི་བའི་ལག་ཏུ་གཏོད་བཞིན་ཡོད།
11 Sim, vivemos sob constante perigo de morte, porque servimos a Jesus, para que a vida de Jesus se manifeste em nosso corpo mortal.
12 དེའི་ཕྱིར་འཆི་བས་ང་ཚོའི་ནང་དང༌། དཔག་ཏུ་མེད་པའི་ཚེ་ཡིས་ཁྱེད་ཚོའི་ནང་ལ་ལས་ཀ་བྱེད།
12 Assim, enfrentamos a morte, mas isso resulta em vida para vocês.
13 མདོ་ལས་བཀོད་པ་ལྟར། ངས་དད་པ་བྱས་པས་སྨྲས་པ་ཡིན་ཞེས་བྲིས། དད་པ་དེ་རང་གིས་ང་ཚོས་ཀྱང་དད་པ་བྱེད་པས་སྨྲ།
13 Continuamos a pregar porque temos o mesmo tipo de fé mencionada nas Escrituras: “Cri em Deus, por isso falei”.
14 གང་ཡིན་ཞེ་ན། གཙོ་བོ་ཡེ་ཤུ་སླར་གསོན་དུ་མཛད་མཁན་དཀོན་མཆོག་གིས་ང་ཚོའང་ཁོང་དང་མཉམ་དུ་སླར་གསོན་པར་མཛད་ནས། ང་ཚོ་དང་ཁྱེད་རྣམས་ཁོང་གི་དྲུང་དུ་འཁྲིད་པར་འགྱུར་བར་ཤེས་པས་སོ།
14 Sabemos que Deus, que ressuscitou o Senhor Jesus, também nos ressuscitará com Jesus e nos apresentará a ele junto com vocês.
15 དེ་ཐམས་ཅད་ཁྱེད་རྣམས་ལ་ཕན་པའི་ཆེད་དུ་ཡིན་པ་དང༌། ཐུགས་རྗེ་འཐོབ་མཁན་མང་པོར་འགྱུར་བས་བཀའ་དྲིན་ཆེ་ཞུ་བ་རྣམས་ཀྱང་འཕེལ་བར་འགྱུར། དེ་ནི་དཀོན་མཆོག་གི་གཟི་བརྗིད་ལ་བསྟོད་པ་འབུལ་བ་དེ་བས་ཆེ་རུ་འགྲོ་བའི་ཕྱིར་རོ། །
15 Tudo isso é para o bem de vocês. E, à medida que a graça alcançar mais pessoas, haverá muitas ações de graças, e Deus receberá cada vez mais glória.
16 དེ་བས་ན་ང་ཚོ་ཡིད་ཐང་མི་ཆད། ང་ཚོའི་ཕྱི་ལུས་ཉམས་སུ་འགྱུར་ཡང་ནང་སེམས་ཉིན་རེ་བཞིན་གསར་དུ་མཛད་པར་འགྱུར།
16 Por isso, nunca desistimos. Ainda que nosso exterior esteja morrendo, nosso interior está sendo renovado a cada dia.
17 ཡུད་ཙམ་གྱི་སྡུག་བསྔལ་ཡང་པོ་འདི་ཡིས་ང་ཚོའི་དོན་ལ་རྟག་ཏུ་གནས་ཏེ་བླ་ན་མེད་པའི་གཟི་བརྗིད་སྒྲུབ།
17 Pois estas aflições pequenas e momentâneas que agora enfrentamos produzem para nós uma glória que pesa mais que todas as angústias e durará para sempre.
18 གང་ལགས་ཟེར་ན། ང་ཚོས་མཐོང་བ་རྣམས་ལ་མི་ལྟ་བར་མི་མཐོང་བ་རྣམས་ལ་ལྟ། མཐོང་བ་རྣམས་མི་རྟག་པ་ཡིན། འོན་ཀྱང་མི་མཐོང་བ་རྣམས་རྟག་ཏུ་གནས་སོ། །
18 Portanto, não olhamos para aquilo que agora podemos ver; em vez disso, fixamos o olhar naquilo que não se pode ver. Pois as coisas que agora vemos logo passarão, mas as que não podemos ver durarão para sempre.

Ler em outra tradução

Comparar com outra

Estude este capítulo no WhatsApp

Peça à IA da Bíblia Fala para explicar 2 Coríntios 4, comparar traduções ou montar um estudo — tudo direto pelo WhatsApp.