Hebreus 9

Central Tibetan Bible (BOD) vs NAA

Sair da comparação
NAA Nova Almeida Atualizada 2017
1 ཞལ་ཆད་སྔ་མ་ལའང་དཀོན་མཆོག་ལ་བསྙེན་བཀུར་བྱེད་པའི་སྒྲིག་ལམ་དང༌། འཇིག་རྟེན་གྱི་མཆོད་ཁང་ཡོད།
1 Ora, a primeira aliança também tinha preceitos de culto divino e o seu santuário terrestre.
2 གུར་མཆོག་གཅིག་བཟོས་པ་ཡིན། དེའི་ནང་གི་གནས་དང་པོར་མར་མེའི་སྟེགས་བུ་དང༌། གསོལ་ཅོག དཀོན་མཆོག་གི་སྐུ་མདུན་གྱི་བག་ལེབ་བཅས་ཡོད་དེ། ས་ཆ་འདིར་གནས་དམ་པ་ཞེས་ཟེར།
2 Porque foi edificado um tabernáculo, cuja parte da frente, onde estavam o candelabro, a mesa e os pães da proposição, se chama o Santo Lugar.
3 ཡང་ཡོལ་བ་གཉིས་པའི་རྒྱབ་ལ་དམ་པའི་དམ་པ་ཞེས་ཟེར་བའི་གནས་གཉིས་པའི་ནང་ལ།
3 Por trás do segundo véu se encontrava o tabernáculo que se chama o Santo dos Santos,
4 བདུག་སྤོས་བདུག་སའི་གསེར་གྱི་མཆོད་ཁྲི་དང༌། ཞལ་ཆད་ཀྱི་སྒམ་གསེར་གྱིས་ཡོངས་སུ་བཏུམས་པ་ཞིག་ཡོད། སྒམ་དེའི་ནང་ལ་མན་ནཱ་ཟེར་བའི་ཟས་ཀྱིས་གང་བའི་གསེར་གྱི་བུམ་པ་དང༌། མཆོད་དཔོན་ཨ་རོན་གྱི་མྱུ་གུ་ཐོན་པའི་དབྱུག་པ་དང༌། ཞལ་ཆད་འཁོད་པའི་རྡོ་ལེབ་རྣམས་ཡོད།
4 ao qual pertencia um altar de ouro para o incenso e a arca da aliança totalmente coberta de ouro, na qual estava uma urna de ouro contendo o maná, o bordão de Arão, que floresceu, e as tábuas da aliança.
5 སྒམ་དེའི་སྟེང་ལ་ཀེ་རུབ་ཅེས་ཟེར་བའི་གཟི་བརྗིད་དང་ལྡན་པའི་སྲུང་མཁན་གྱི་གཤོག་པ་ཐུགས་རྗེའི་བཞུགས་ཁྲིའི་སྟེང་ལ་བརྐྱངས། ད་ལྟ་དེ་རྣམས་ཀྱི་སྐོར་ཞིབ་པར་སྨྲ་མི་ཐུབ།
5 Sobre a arca estavam os querubins de glória, que, com a sua sombra, cobriam o propiciatório. Mas dessas coisas não falaremos, agora, com mais detalhes.
6 མཆོད་ཆས་འདི་ཚོ་དེ་ལྟར་བསྒྲིགས་པའི་རྗེས་སུ། མཆོད་དཔོན་རྣམས་ཞབས་ཏོག་བྱེད་པའི་ཆེད་དུ་གུར་མཆོག་གི་གནས་དང་པོའི་ནང་ལ་ཡང་ཡང་འགྲོ
6 Ora, depois que foram feitos todos esses preparativos, os sacerdotes entram continuamente no primeiro tabernáculo para realizar os serviços sagrados.
7 འོན་ཀྱང་གུར་མཆོག་གི་གནས་གཉིས་པའི་ནང་ལ་བླ་ཆེན་གཙོ་བོ་འབའ་ཞིག་ལོ་རེར་ནང་ཐེངས་གཅིག་རེ་འགྲོ་སྟེ། ཁྲག་མེད་པར་མི་འགྲོ ཁྲག་དེ་ནི་རང་དང༌། མི་རྣམས་ཀྱིས་མི་ཤེས་པར་བསགས་པའི་སྡིག་ཉེས་ཀྱི་དོན་དུ་ཕུལ་ལོ།
7 Mas, no segundo, o sumo sacerdote entra sozinho uma vez por ano, não sem sangue, que oferece por si e pelos pecados de ignorância do povo.
8 དེའི་སྒོ་ནས་དམ་པའི་ཐུགས་ཉིད་ཀྱིས་གུར་མཆོག་དང་པོ་ད་དུང་གནས་པའི་རིང་གནས་མཆོག་ལ་འགྲོ་བའི་ལམ་མངོན་པར་མ་གྱུར་བར་མཚོན་པར་མཛད།
8 Com isto o Espírito Santo quer dar a entender que o caminho do Santuário ainda não se manifestou, enquanto o primeiro tabernáculo continua erguido.
9 དེ་ནི་དེང་དུས་ཀྱི་དཔེ་ཞིག་ཡིན། འབུལ་བ་དང་མཆོད་པ་ཡིས་བསྙེན་བཀུར་བྱེད་མཁན་གྱི་སེམས་ནང་གི་སྡིག་པའི་དྲི་མ་སེལ་མི་ཐུབ་པར་མཚོན།
9 Isso é uma parábola para a época presente, na qual se oferecem dons e sacrifícios, embora estes, no que diz respeito à consciência, sejam ineficazes para aperfeiçoar aquele que presta culto,
10 རྒྱུ་མཚན་ནི་ཟ་བ་དང་བཏུང་བ་དང་ཁྲུས་རྒྱག་པ་སྣ་ཚོགས་ཏེ་ལུས་ཀྱི་སྒྲིག་ལམ་ཁོ་ནར་ཡིན་ཞིང༌། ཐབས་ལམ་གསར་དུ་བཅོས་པའི་དུས་ལ་མ་བབས་པའི་བར་དུ་བཙུགས།
10 pois não passam de ordenanças da carne, baseadas somente em comidas, bebidas e diversas cerimônias de purificação, impostas até o tempo oportuno de reforma.
11 མཱ་ཤི་ཀ་ནི་ད་ལྟ་བྱུང་བའི་ལེགས་པོ་རྣམས་ཀྱི་བླ་ཆེན་གཙོ་བོར་གྱུར་བས། དཀོན་མཆོག་གི་ཞིང་ཁམས་སུ་ཡོད་པའི་གུར་མཆོག་ཆེ་ཞིང་ཡོངས་སུ་རྫོགས་པའི་ནང་དུ་ཕེབས། གུར་མཆོག་དེ་ནི་མིས་ལག་པས་མ་བཟོས་ཤིང༌། འཇིག་རྟེན་འདི་ལ་ཡང་མི་གཏོགས།
11 Quando, porém, Cristo veio como sumo sacerdote dos bens já realizados, mediante o maior e mais perfeito tabernáculo, não feito por mãos humanas, quer dizer, não desta criação,
12 ར་དང་བེའུ་རྣམས་ཀྱི་ཁྲག་མིན་པར། རང་གི་སྐུ་ཁྲག་གིས་ལན་གཅིག་གིས་དུས་རྟག་ཏུ་གནས་མཆོག་ལ་ཞུགས་ནས་གཏན་དུ་གནས་པའི་ཐར་པ་ཞིག་ཐོབ།
12 e não pelo sangue de bodes e de bezerros, mas pelo seu próprio sangue, ele entrou no Santuário, uma vez por todas, e obteve uma eterna redenção.
13 ར་དང་གླང་གི་ཁྲག་དང༌། བེའུ་མོའི་བསྲེགས་པའི་གོ་ཐལ་གཏོར་ནས་མི་གཙང་བར་གྱུར་བ་རྣམས་དམ་པ་རུ་བྱས་ན།
13 Portanto, se o sangue de bodes e de touros e a cinza de uma novilha, aspergidos sobre os contaminados, os santificam quanto à purificação da carne,
14 མཱ་ཤི་ཀའི་སྐུ་ཁྲག་གིས་ངེད་རྣམས་ཀྱི་སེམས་དེ་ལས་ལྷག་པར་དག་པར་མི་བྱེད་དམ། རྟག་ཏུ་གནས་པའི་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་ཁོང་གིས་སྐྱོན་དང་བྲལ་བའི་རང་ཉིད་དཀོན་མཆོག་ལ་ཕུལ་གནང༌། ཁོང་གིས་ང་ཚོས་གཏན་དུ་གནས་པའི་དཀོན་མཆོག་ལ་བསྙེན་བཀུར་བྱེད་པའི་ཕྱིར་རང་གི་སྐུ་ཁྲག་གིས་ང་ཚོ་དགེ་བ་གསོག་པའི་ལམ་སྟོང་པ་དེ་ལས་ཐར་བར་མཛད།
14 muito mais o sangue de Cristo, que, pelo Espírito eterno, a si mesmo ofereceu sem mácula a Deus, purificará a nossa consciência de obras mortas, para servirmos ao Deus vivo!
15 དེ་བས་ན་མཱ་ཤི་ཀ་ནི་ཞལ་ཆད་གསར་པ་ཞིག་གི་བར་མི་ཡིན། ཞལ་ཆད་སྔ་མ་བཞིན་དུ་བྱས་པའི་སྡིག་པའི་ཉེས་ཆད་ལས་ཐར་བའི་ཕྱིར་ཁོང་གྲོངས་པས། དེ་ནི་དཀོན་མཆོག་གིས་བོས་པ་རྣམས་ལ་ཞལ་གྱིས་བཞེས་པའི་གཏན་གྱི་བྱིན་རླབས་འཐོབ་པའི་ཕྱིར་རོ།
15 Por isso mesmo, ele é o Mediador da nova aliança, a fim de que os que foram chamados recebam a promessa da herança eterna, visto que houve uma morte para remissão das transgressões que foram cometidas sob a primeira aliança.
16 དཔེར་ན་ཁ་ཆེམས་ཤིག་ཡོད་ན། དེ་འཇོག་མཁན་ཤི་ཚར་བ་ར་སྤྲོད་བྱེད་དགོས།
16 Porque, onde há um testamento, é necessário constatar a morte de quem o fez.
17 གང་ལགས་ཤེ་ན། ཁ་ཆེམས་འཇོག་མཁན་གསོན་པོར་ཡོད་རིང་ཁ་ཆེམས་གཏན་ནས་མི་ཕན། ཤི་ཟིན་པའི་རྗེས་སུ་རྩི།
17 Sim, porque um testamento só é confirmado depois da morte de quem o fez, pois de maneira nenhuma um testamento tem força de lei enquanto ainda vive quem o fez.
18 དེའི་ཕྱིར་ཞལ་ཆད་སྔ་མའང་ཁྲག་མེད་པར་མ་བཙུགས།
18 Por isso, nem a primeira aliança foi estabelecida sem sangue.
19 ལུང་སྟོན་པ་མོ་ཤེ་ཡིས་ཆོས་ཁྲིམས་ལྟར་བཀའ་རེ་རེ་བཞིན་མི་ཚོགས་ཀུན་ལ་བསྒྲགས་ནས། བེའུ་དང་ར་རྣམས་ཀྱི་ཁྲག ཆུ་དང༌། བལ་དམར་པོ་དང༌། ཧི་སོབ་ཅེས་ཟེར་བའི་རྩི་ཤིང་གི་ལོ་མ་དང་བཅས་བླངས་ནས་ཆོས་ཁྲིམས་ཀྱི་དཔེ་ཆ་དང་མི་ཐམས་ཅད་ལ་གཏོར་ཏེ།
19 Porque, havendo Moisés proclamado a todo o povo todos os mandamentos conforme a lei, pegou o sangue dos bezerros e dos bodes, com água, lã tingida de escarlate e hissopo e aspergiu não só o próprio livro, como também todo o povo,
20 དཀོན་མཆོག་གིས་ཁྱེད་ཚོར་བཀའ་གནང་བའི་ཞལ་ཆད་ཀྱི་ཁྲག་འདི་ཡིན་ཞེས་གསུངས།
20 dizendo: “Este é o sangue da aliança que Deus ordenou para vocês.”
21 དེ་དང་འདྲ་བར་གུར་མཆོག་དང་དེའི་མཆོད་རྫས་ཀྱི་སྣོད་ཆས་ཐམས་ཅད་ལའང་ཁྲག་གཏོར།
21 Igualmente também aspergiu com sangue o tabernáculo e todos os utensílios do serviço sagrado.
22 ཆོས་ཁྲིམས་བཞིན་དུ་ཕལ་ཆེར་ཐམས་ཅད་ཁྲག་གིས་གཙང་བར་བྱེད་པས། ཁྲག་མ་ཐོན་པར་སྡིག་ཉེས་སེལ་ཐབས་མེད།
22 De fato, segundo a lei, quase todas as coisas são purificadas com sangue; e sem derramamento de sangue não há remissão.
23 དེའི་ཕྱིར་གུར་མཆོག་དང་དེར་ཡོད་པ་ཐམས་ཅད་དཀོན་མཆོག་གི་ཞིང་ཁམས་སུ་ཡོད་པ་རྣམས་ཀྱི་འདྲ་དཔེ་ཡིན་པས་དམར་མཆོད་ཀྱིས་གཙང་བར་བྱེད་དགོས། འོན་ཀྱང་དཀོན་མཆོག་གི་ཞིང་ཁམས་སུ་ཡོད་པའི་དངོས་པོ་དེ་རང་ནི་དེ་ལས་ལེགས་པའི་དམར་མཆོད་ཀྱིས་གཙང་བར་བྱེད་དགོས།
23 Era necessário, portanto, que as figuras das coisas que estão nos céus fossem purificadas com tais sacrifícios, mas as próprias coisas celestiais requerem sacrifícios superiores àqueles.
24 མཱ་ཤི་ཀ་ནི་བདེན་པའི་གནས་མཆོག་གི་འདྲ་དཔེ་ཡིན་ཏེ་མིའི་ལག་པས་བཟོས་པའི་གུར་མཆོག་གི་ནང་ལ་མ་ཕེབས་པར། ང་ཚོའི་བར་མི་དུ་ད་ལྟ་དཀོན་མཆོག་མཇལ་བའི་ཕྱིར་ཞིང་ཁམས་རང་ལ་ཞུགས།
24 Porque Cristo não entrou em santuário feito por mãos humanas, figura do verdadeiro Santuário, porém no próprio céu, para comparecer, agora, por nós, diante de Deus.
25 ཡང་བླ་ཆེན་གཙོ་བོ་རང་གི་ཁྲག་མིན་པ་ཁྱེར་ནས་ལོ་རེ་བཞིན་གནས་མཆོག་ནང་དུ་འགྲོ དེ་མ་ཡིན་པ་ལྟར་མཱ་ཤི་ཀ་ཞིང་ཁམས་སུ་ཞུགས་ཏེ་རང་ཉིད་དམར་མཆོད་ཡང་ཡང་ཕུལ་བར་མི་མཛད།
25 Ele não entrou para oferecer a si mesmo muitas vezes, como o sumo sacerdote entra todos os anos no Santo dos Santos com sangue alheio.
26 དེ་མིན་ན་འཇིག་རྟེན་བཀོད་པ་ནས་བཟུང་ཁོང་གིས་ལན་མང་པོ་སྡུག་བསྔལ་མྱོང་དགོས། འོན་ཀྱང་རང་ཉིད་དམར་མཆོད་དུ་གྱུར་ནས་སྡིག་ཉེས་སེལ་བའི་ཕྱིར་ད་དུས་ཀྱི་མཐར་ལན་གཅིག་ཁོ་ནར་བྱོན།
26 Se fosse assim, ele precisaria ter sofrido muitas vezes desde a fundação do mundo; agora, porém, ao chegar o fim dos tempos, ele se manifestou uma vez por todas, para aniquilar o pecado por meio do sacrifício de si mesmo.
27 ཡང་ཇི་ལྟར་མི་རྣམས་ཐེངས་གཅིག་འཆི་ནས་དེའི་རྗེས་སུ་དཀོན་མཆོག་གི་ཁྲིམས་གཅོད་པར་ཐག་གཅོད་མཛད་པ་ལྟར།
27 E, assim como aos homens está ordenado morrerem uma só vez, vindo, depois disso, o juízo,
28 དེ་ལྟར་མཱ་ཤི་ཀའང་ལན་གཅིག་མི་མང་པོའི་སྡིག་ཉེས་འཁྱེར་བའི་ཆེད་རང་ཉིད་དམར་མཆོད་དུ་གྱུར། སྡིག་པ་སེལ་བའི་ཕྱིར་མ་ཡིན་པར་ཁོང་ལ་ཡིད་རྟོན་ནས་སྒུག་མཁན་རྣམས་ལ་སྐྱོབ་པའི་ཕྱིར་ལན་གཉིས་པར་འབྱོན་ནོ། །
28 assim também Cristo, tendo-se oferecido uma vez por todas para tirar os pecados de muitos, aparecerá segunda vez, não para tirar pecados, mas para salvar aqueles que esperam por ele.

Ler em outra tradução

Comparar com outra

Estude este capítulo no WhatsApp

Peça à IA da Bíblia Fala para explicar Hebreus 9, comparar traduções ou montar um estudo — tudo direto pelo WhatsApp.