Apocalipse 13

Central Tibetan Bible (BOD) vs VC

Sair da comparação
VC Versão Católica
1 དེ་ནས་ངས་རྒྱ་མཚོའི་ནང་ནས་འཐོན་པའི་གཅན་གཟན་ཞིག་མཐོང༌། དེ་ལ་རྭ་ཅོ་བཅུ་དང༌། མགོ་བདུན། རྭ་ཅོའི་སྟེང་ལ་ཅོད་པན་བཅུ། མགོ་རྣམས་ལ་དཀོན་མཆོག་ལ་སྐུར་བ་འདེབས་པའི་མིང་ཡོད།
1 Vi, então, levantar-se do mar uma Fera que tinha dez chifres e sete cabeças; sobre os chifres, dez diademas; e nas suas cabeças, nomes blasfematórios.
2 ངས་མཐོང་བའི་གཅན་གཟན་ནི་གཟིག་དང་འདྲ་བ་ཡིན་ཏེ། དེའི་རྐང་པ་རྣམས་ནི་དོམ་གྱི་རྐང་པ་དང་འདྲ་བ་དང༌། དེའི་ཁ་ནི་སེང་གེའི་ཁ་དང་འདྲ་བ་ཡིན། འབྲུག་གིས་རང་གི་ནུས་མཐུ་དང༌། བཞུགས་ཁྲི་དང༌། དབང་ཆ་ཆེན་པོ་གཅན་གཟན་དེ་ལ་སྟེར།
2 A Fera que eu vi era semelhante a uma pantera: os pés como de urso, e as fauces como de leão. Deu-lhe o Dragão o seu poder, o seu trono e grande autoridade.
3 དེའི་མགོ་ནང་ནས་གཅིག་ལ་འཆི་ལ་ཐུག་པའི་རྨ་དང་འདྲ་བ་ཞིག་ཡོད་ཀྱང༌། རྨ་དེ་གསོས་པར་གྱུར་བས། འཇིག་རྟེན་ཡོངས་ཡ་མཚན་སྐྱེས་ཏེ་གཅན་གཟན་དེའི་རྗེས་སུ་འབྲངས།
3 Uma das suas cabeças estava como que ferida de morte, mas essa ferida de morte fora curada. E todos, pasmados de admiração, seguiram a Fera
4 འབྲུག་གིས་རང་གི་དབང་གཅན་གཟན་དེ་ལ་སྟེར་བའི་རྐྱེན་གྱིས་ཁོ་ཚོས་འབྲུག་ལ་བསྙེན་བཀུར་བྱས། གཅན་གཟན་ལ་ཡང་བསྟོད་པ་བྱས་ཏེ་“གཅན་གཟན་དེ་དང་འདྲ་བ་སུ་ཡིན། ཁོ་ལ་དམག་འདྲེན་ཐུབ་མཁན་སུ་ཡིན་”ཞེས་བཤད།
4 e prostraram-se diante do Dragão, porque dera seu prestígio à Fera, e prostraram-se igualmente diante da Fera, dizendo: Quem é semelhante à Fera e quem poderá lutar com ela?
5 རང་བསྟོད་བྱེད་དེ་དཀོན་མཆོག་ལ་སྐུར་བ་འདེབས་པ་དང༌། ཟླ་བ་བཞི་བཅུ་ཞེ་གཉིས་ཀྱི་བར་དུ་སྲིད་བྱེད་པའི་དབང་གཅན་གཟན་དེ་ལ་གནང་བ་ཡིན།
5 Foi-lhe dada a faculdade de proferir arrogâncias e blasfêmias, e foi-lhe dado o poder de agir por quarenta e dois meses.
6 དཀོན་མཆོག་ལ་སྐུར་བ་འདེབས་པའི་ཕྱིར། དེས་ཁོང་གི་མཚན་དང༌། བཞུགས་གནས་ཏེ་དཀོན་མཆོག་གི་ཞིང་ཁམས་སུ་བཞུགས་པ་རྣམས་ལ་སྨད་ར་གཏོང་བར་བརྩམས།
6 Abriu, pois, a boca em blasfêmias contra Deus, para blasfemar o seu nome, o seu tabernáculo e os habitantes do céu.
7 ཡང་དཀོན་མཆོག་གི་མི་རྣམས་ལ་དམག་འདྲེན་ཏེ་ཁོ་རྣམས་ལས་རྒྱལ་བ་དང༌། ཚོ་པ། མི་རིགས། སྐད་རིགས། རྒྱལ་ཁབ་ཐམས་ཅད་ལ་སྲིད་བྱེད་པའི་དབང་ཆ་ཁོ་ལ་གནང་བ་ཡིན།
7 Foi-lhe dado, também, fazer guerra aos santos e vencê-los. Recebeu autoridade sobre toda tribo, povo, língua e nação,
8 འཇིག་རྟེན་གྱི་མི་ཐམས་ཅད་དེ། འཇིག་རྟེན་གསར་དུ་བཀོད་པའི་སྔོན་ནས་བཀྲོངས་པའི་ལུ་གུའི་དཔག་ཏུ་མེད་པའི་ཚེའི་མདོ་ལ་མ་འཁོད་པ་རྣམས་ཀྱིས་གཅན་གཟན་དེ་ལ་བསྙེན་བཀུར་བྱེད་པར་འགྱུར།
8 e hão de adorá-la todos os habitantes da terra, cujos nomes não estão escritos desde a origem do mundo no livro da vida do Cordeiro imolado.
9 རྣ་བ་ཡོད་པ་རྣམས་ཀྱིས་ཉོན་ཅིག
9 Quem tiver ouvidos, ouça!
10 བཙོན་དུ་བསྐོས་ན་བཙོན་དུ་འགྲོ །
10 Quem procura prender será preso. Quem matar pela espada, pela espada deve ser morto. Esta é a ocasião para a constância e a confiança dos santos!
11 དེ་ནས་ངས་ས་ནས་འཐོན་པའི་གཅན་གཟན་གཞན་ཞིག་མཐོང༌། དེ་ལ་ལུ་གུ་ལྟར་རྭ་ཅོ་གཉིས་ཡོད་དེ་འབྲུག་ལྟར་སྨྲས།
11 Vi, então, outra Fera subir da terra. Tinha dois chifres como um cordeiro, mas falava como um dragão.
12 གཅན་གཟན་དང་པོའི་དབང་ཐམས་ཅད་དེའི་དྲུང་དུ་སྒྱུར། དེས་ས་གཞི་དང་དེར་ཡོད་པ་རྣམས་ཀྱིས་འཆི་ལ་ཐུག་པའི་རྨ་གསོས་པར་གྱུར་བའི་གཅན་གཟན་དང་པོ་ལ་བསྙེན་བཀུར་བྱེད་དུ་འཇུག
12 Ela exercia todo o poder da primeira Fera, sob a vigilância desta, e fez com que a terra e os seus habitantes adorassem a primeira Fera {cuja ferida de morte havia sido curada}.
13 དེས་མི་རྣམས་ཀྱི་མཐོང་སར་ནམ་མཁའ་ནས་ས་གཞི་ལ་མེ་འབེབས་པ་ཙམ་དུ་ངོ་མཚར་བའི་རྟགས་སྟོན།
13 Realizou grandes prodígios, de modo que até fez descer fogo do céu sobre a terra, à vista dos homens.
14 གཅན་གཟན་དང་པོའི་དྲུང་དུ་ངོ་མཚར་བའི་རྟགས་སྟོན་པར་བཅུག་པའི་དབང་གིས་ས་གཞི་ལ་སྡོད་པ་རྣམས་ལ་བསླུ་བྲིད་བྱས། ཁོ་རྣམས་ལ་རལ་གྲི་ཡིས་རྨ་བཟོས་ཀྱང་སླར་གསོན་པོར་གྱུར་བའི་གཅན་གཟན་གྱི་འདྲ་སྐུ་བཟོ་དགོས་པའི་མངག་བྱ་བྱས།
14 Seduziu os habitantes da terra com os prodígios que lhe era dado fazer sob a vigilância da Fera, persuadindo-os a fazer uma imagem da Fera que sobrevivera ao golpe da espada.
15 ཡང་གཅན་གཟན་གཉིས་པ་ལ་གཅན་གཟན་དང་པོའི་འདྲ་སྐུ་ཡིས་གཏམ་སྨྲ་བའི་ཕྱིར་དབུགས་གཏོང་བའི་ནུས་མཐུ་གནང་བས་འདྲ་སྐུ་དེས་གཏམ་བྱེད་པར་གྱུར་ཞིང༌། གཅན་གཟན་དང་པོའི་འདྲ་སྐུ་ལ་བསྙེན་བཀུར་མི་བྱེད་པ་ཐམས་ཅད་གསོད་དུ་འཇུག
15 Foi-lhe dado, também, comunicar espírito à imagem da Fera, de modo que essa imagem se pusesse a falar e fizesse com que fosse morto todo aquele que não se prostrasse diante dela.
16 དེ་མ་ཟད་གཅན་གཟན་དེས་མི་མཐོ་དམན་དང༌། ཕྱུག་པོ་དང་དབུལ་པོ། རང་དབང་ཅན་དང་བྲན་གཡོག་ཐམས་ཅད་ཀྱི་ལག་པ་གཡས་པའམ། དཔྲལ་བ་ལ་རྟགས་ཤིག་རྒྱག་ཏུ་འཇུག
16 Conseguiu que todos, pequenos e grandes, ricos e pobres, livres e escravos, tivessem um sinal na mão direita e na fronte,
17 དེ་ནི་གཅན་གཟན་དང་པོའི་རྟགས་ཏེ། དེའི་མིང་ངམ། དེའི་མིང་གི་ཨང་གྲངས་དང་ལྡན་པ་མ་གཏོགས་པར་མི་སུས་ཀྱང་ཉོ་འཚོང་བྱེད་མི་ཆོག་པའི་ཕྱིར་རོ།
17 e que ninguém pudesse comprar ou vender, se não fosse marcado com o nome da Fera, ou o número do seu nome.
18 དོན་དེ་རྟོགས་པར་ཤེས་རབ་དགོས། ཤེས་རབ་ལྡན་པ་སུས་ཀྱང་གཅན་གཟན་གྱི་ཨང་གྲངས་རྩི་དགོས། གང་ལགས་ཤེ་ན། ཨང་གྲངས་དེ་ནི་མི་ཞིག་གི་ཨང་གྲངས་ཡིན་ཏེ། དྲུག་བརྒྱ་དྲུག་ཅུ་རེ་དྲུག་ཡིན་ནོ། །
18 Eis aqui a sabedoria! Quem tiver inteligência, calcule o número da Fera, porque é número de um homem, e esse número é seiscentos e sessenta e seis.

Ler em outra tradução

Comparar com outra

Estude este capítulo no WhatsApp

Peça à IA da Bíblia Fala para explicar Apocalipse 13, comparar traduções ou montar um estudo — tudo direto pelo WhatsApp.