2 Coríntios 10
Central Tibetan Bible (BOD) vs ARIB
1 ཁ་ཅིག་གིས་ཁྱེད་ཚོའི་རྩར་ཡོད་དུས་སྙེམས་ཆུང་ཡིན་པ་དང༌། ཁྱེད་ཚོ་དང་བྲལ་ན་སྤོབས་པ་ཅན་ཡིན་ཟེར་ཏེ། ང་རང་པའུ་ལུ་ཡིས་མཱ་ཤི་ཀའི་སྙེམས་ཆུང་དང༌། ཐུགས་དུལ་པོའི་སྒོ་ནས་ཁྱེད་ཚོར་རེ་འབོད་བྱེད།
1 Ora eu mesmo, Paulo, vos rogo pela mansidão e benignidade de Cristo, eu que, na verdade, quando presente entre vós, sou humilde, mas quando ausente, ousado para convosco;
2 ང་ཁྱེད་ཚོའི་རྩར་ཡོད་དུས། ཁྱེད་ཚོའི་ནང་ནས་ལ་ལས་ང་ཚོས་འཇིག་རྟེན་པའི་སྤྱོད་ལམ་ལྟར་བྱེད་སྙམ་པ་དེ་ཚོར་འགག་པ་བརྒྱབ་ཕོད་པའི་བློ་ཁོག་ཆེན་པོ་དེ་བྱེད་མི་དགོས་པ་ཁྱེད་ཚོར་ཞུ་བ་ཆེན་པོ་ཕུལ།
2 sim, eu vos rogo que, quando estiver presente, não me veja obrigado a usar, com confiança, da ousadia que espero ter para com alguns que nos julgam como se andássemos segundo a carne.
3 ང་ཚོ་འཇིག་རྟེན་འདི་ལ་མི་ཚེ་སྐྱེལ་ཡང༌། འཇིག་རྟེན་པའི་ལུགས་སྲོལ་ལྟར་དམག་འཐབ་མི་བྱེད།
3 Porque, embora andando na carne, não militamos segundo a carne,
4 གང་ལགས་ཟེར་ན། ངེད་རྣམས་ཀྱི་མཚོན་ཆ་ནི་འཇིག་རྟེན་གྱི་མཚོན་ཆ་མ་ཡིན་གྱི། དཀོན་མཆོག་གི་ནུས་མཐུ་དང་ལྡན་པའི་མཁར་རྫོང་གཏོར་བཤིག་གཏོང་ཐུབ་པའི་མཚོན་ཆ་ཡིན།
4 pois as armas da nossa milícia não são carnais, mas poderosas em Deus, para demolição de fortalezas;
5 ཁུངས་མེད་ཀྱི་རྩོད་གླེང་དང༌། དཀོན་མཆོག་གི་ཤེས་རབ་ལ་རྒོལ་བའི་སྤོབས་སེམས་ཀྱི་གེགས་བར་རེ་རེ་བཞིན་བཅོམ་ནས། མཱ་ཤི་ཀའི་བཀའ་ལ་ཉན་པའི་ཕྱིར་ང་ཚོས་གཞན་གྱི་བསམ་བློ་ཡོད་ཚད་དབང་དུ་སྡུད།
5 derribando raciocínios e todo baluarte que se ergue contra o conhecimento de Deus, e levando cativo todo pensamento à obediência a Cristo;
6 ཡང་ཁྱེད་ཚོས་མཱ་ཤི་ཀའི་བཀའ་ལ་ཡོངས་སུ་ཉན་པར་གྱུར་ནས་མི་ཉན་པ་ཐམས་ཅད་ལ་ཉེས་ཆད་གཏོང་བར་གྲ་སྒྲིག་བྱས་ཡོད།
6 e estando prontos para vingar toda desobediência, quando for cumprida a vossa obediência.
7 ཕྱི་ཚུལ་ཁོ་ནར་མི་ལྟ་བར་དོན་དངོས་ལ་ལྟོས་ཤིག གལ་ཏེ་མི་སུ་ཞིག་གིས་ཡིད་རྟོན་པར་ང་མཱ་ཤི་ཀའི་ཡིན་སྙམ་ན། ཁོ་ནི་མཱ་ཤི་ཀའི་ཁོངས་སུ་གཏོགས་པ་ལྟར། ང་ཚོའང་མཱ་ཤི་ཀའི་ཁོངས་སུ་གཏོགས་པ་ཡིན་པ་བསམ་བློ་གཏོང་དགོས།
7 Olhais para as coisas segundo a aparência. Se alguém confia de si mesmo que é de Cristo, pense outra vez isto consigo, que, assim como ele é de Cristo, também nós o somos.
8 ཁྱེད་ཚོ་ཡར་རྒྱས་གཏོང་བ་ལས་མེད་པར་མི་བཟོ་བའི་ཕྱིར། གཙོ་བོས་ང་ཚོར་གནང་བའི་དབང་ཆའི་སྐོར་རྗོད་པ་མང་དྲགས་ཀྱང༌། ང་ངོ་ཚ་བར་མི་འགྱུར།
8 Pois, ainda que eu me glorie um tanto mais da nossa autoridade, a qual o Senhor nos deu para edificação, e não para vossa destruição, não me envergonharei;
9 ངས་བྲིས་པའི་ཡི་གེས་ཁྱེད་ཚོར་འཇིགས་སྣང་སྐུལ་མཁན་དང་འདྲ་བར་མཐོང་བར་མི་འདོད།
9 para que eu não pareça como se quisera intimidar-vos por cartas.
10 གང་ཡིན་ཞེ་ན། ཁ་ཤས་ཀྱིས་པའུ་ལུས་བྲིས་པའི་ཡི་གེ་དྲག་པོ་དང་དབང་ཤུགས་ལྡན་ཡིན་ཡང༌། འདིར་སླེབས་ན་ཁོ་རང་ཉམ་ཆུང་དང་གཏམ་ལ་མི་མཁས་ཞེས་བརྗོད།
10 Porque eles dizem: As cartas dele são graves e fortes, mas a sua presença corporal é fraca, e a sua palavra desprezível.
11 དེ་ལྟར་རྗོད་མཁན་གྱིས་འདི་ཡང་ཤེས་དགོས་ཏེ། ང་ཚོ་དེར་མེད་པའི་དུས་སུ་ཡི་གེའི་སྒོ་ནས་གང་སྨྲས་པ་ནི་དེར་སླེབས་ནས་ང་ཚོས་བྱེད་པར་བྱ།
11 Considere o tal isto, que, quais somos no falar por cartas, estando ausentes, tais seremos também no fazer, estando presentes,
12 རང་བསྟོད་བྱེད་མཁན་གྱི་གྲལ་དུ་རྩི་བའམ་སྡུར་བ་ང་ཚོས་མི་ཕོད། ཁོ་ཚོས་རང་གི་ཚད་རང་ལ་རྒྱག་ཅིང༌། ཁོ་རང་དང་སྡུར་བས་ཤེས་རབ་མི་ལྡན་པ་ཞིག་རེད་ཨང༌།
12 pois não ousamos contar-nos, ou comparar-nos com alguns, que se louvam a si mesmos; mas estes, medindo-se consigo mesmos e comparando-se consigo mesmos, estão sem entendimento.
13 འོན་ཀྱང་ང་ཚོས་ཚད་ལས་འདས་པའི་སྤོབས་པ་མི་བྱེད། ཁྱེད་ཚོའི་མཚམས་ལ་ཐུག་སྟེ། དཀོན་མཆོག་གིས་ང་ཚོ་ལ་འཇལ་བའི་རྒྱ་ཁྱོན་གྱི་ཚད་ལ་གནས།
13 Nós, porém, não nos gloriaremos além da medida, mas conforme o padrão da medida que Deus nos designou para chegarmos mesmo até vós;
14 ང་ཚོས་ཁྱེད་ཚོ་ང་ཚོའི་དབང་འོག་ཏུ་ཡོད་པ་བཤད་པར་དེ་ཚད་ལས་མི་རྒལ། གང་ལགས་ཤེ་ན། མཱ་ཤི་ཀའི་འཕྲིན་བཟང་དང་བཅས་པར་ཁྱེད་ཚོའི་བར་དུ་སླེབས་པ་དང་པོ་ཡིན།
14 porque não nos estendemos além do que convém, como se não chegássemos a vós, pois já chegamos também até vós no evangelho de Cristo,
15 ང་ཚོ་ཚད་ལས་མི་རྒལ་ཞིང༌། གཞན་གྱིས་བསྒྲུབས་པའི་ལས་ཀྱི་སྐོར་འུད་ཤོབ་མི་ཤོད་ཀྱང༌། ཁྱེད་ཀྱི་དད་པ་འཕེལ་ནས་ངེད་ཀྱི་རྒྱ་ཁྱོན་གྱི་ཚད་ཁྱེད་ཚོའི་ཁྲོད་དུ་རྒྱ་ཆེ་རུ་འགྲོ་བའི་རེ་བ་ཡོད།
15 não nos gloriando além da medida em trabalhos alheios; antes tendo esperança de que, à proporção que cresce a vossa fé, seremos nós cada vez mais engrandecidos entre vós, conforme a nossa medida,
16 དེ་ནས་མི་གཞན་གྱི་ས་ཆར་བསྒྲུབས་པའི་ལས་ཀྱི་སྐོར་འུད་ཤོབ་མི་ཤོད་པར། ང་ཚོས་ཁྱེད་ཀྱི་ཕར་ཕྱོགས་སུ་ཆགས་པའི་ཡུལ་དུ་འཕྲིན་བཟང་སྒྲོག་ཐུབ།
16 para anunciar o evangelho nos lugares que estão além de vós, e não em campo de outrem, para não nos gloriarmos no que estava já preparado.
17 གསུང་རབ་ལྟར། སུ་ཞིག་གིས་བསྟོད་པ་འཕུལ་འདོད་ན་གཙོ་བོས་གང་མཛད་པ་དེ་བསྟོད་པར་བྱོས་ཤིག
17 Aquele, porém, que se gloria, glorie-se no Senhor.
18 གང་ལགས་ཤེ་ན། གདེང་འཇོག་འཐོབ་པའི་མི་ནི་རང་ལ་རང་བསྟོད་བཏང་ནས་མ་ཡིན་པར་གཙོ་བོས་བསྟོད་པ་གཏོང་བ་དེ་ཡིན་ནོ། །
18 Porque não é aprovado aquele que se recomenda a si mesmo, mas sim aquele a quem o Senhor recomenda.
Atalhos do teclado
- Capítulo anterior←
- Próximo capítulo→
- Versículo anteriork
- Próximo versículoj
- Limpar seleçãoEsc
- Esta ajuda?
Estude este capítulo no WhatsApp
Peça à IA da Bíblia Fala para explicar 2 Coríntios 10, comparar traduções ou montar um estudo — tudo direto pelo WhatsApp.