1 Coríntios 8

Central Tibetan Bible (BOD) vs ARA

Sair da comparação
ARA Almeida Revista e Atualizada 1993
1 ད་ལྷ་སྐུ་རྣམས་ལ་ཕུལ་བའི་ཟས་ཀྱི་སྐོར་ལ་ཁྱེད་རྣམས་ཀྱིས་གསུངས་པ་ལྟར། ང་ཚོ་ཚང་མར་ཤེས་བྱ་ཡོད་པ་ངེད་རྣམས་ཀྱིས་ཤེས། ཤེས་བྱ་ཡིས་ང་རྒྱལ་སྐྱེད། འོན་ཏེ་བྱམས་སེམས་ཀྱིས་ཡར་སྐྱེད་གཏོང༌།
1 No que se refere às coisas sacrificadas a ídolos, reconhecemos que todos somos senhores do saber. O saber ensoberbece, mas o amor edifica.
2 མི་ཞིག་གིས་ངས་ཇི་ཞིག་ཤེས་སྙམ་ན་ཁོས་ཇི་འདྲ་ཤེས་དགོས་པ་དེ་ད་དུང་མི་ཤེས།
2 Se alguém julga saber alguma coisa, com efeito, não aprendeu ainda como convém saber.
3 འོན་ཀྱང་མི་ཞིག་གིས་དཀོན་མཆོག་ལ་གཅེས་པར་བཟུང་ན་དཀོན་མཆོག་གིས་ཁོ་ངོ་མཁྱེན་ནོ།
3 Mas, se alguém ama a Deus, esse é conhecido por ele.
4 ལྷ་སྐུ་རྣམས་ལ་ཕུལ་བའི་ཟས་ཟ་བའི་སྐོར་ནས་བཤད་ན་ལྷ་སྐུ་རྣམས་ནི་འཇིག་རྟེན་ཐོག་ཅི་ཡང་མ་ཡིན་པ་དང༌། དཀོན་མཆོག་གཅིག་པུ་ལས་གཞན་དཀོན་མཆོག་མེད་པར་ངེད་རྣམས་ཀྱིས་ཤེས།
4 No tocante à comida sacrificada a ídolos, sabemos que o ídolo, de si mesmo, nada é no mundo e que não há senão um só Deus.
5 བྱས་ན། ཞིང་ཁམས་སམ། ས་ལ་ལྷ་ཞེས་བྱ་བ་ཡོད་པ་དང༌། ལྷ་དང་གཙོ་བོ་ཟེར་བ་མང་པོ་ཡོད་ཀྱང༌།
5 Porque, ainda que há também alguns que se chamem deuses, quer no céu ou sobre a terra, como há muitos deuses e muitos senhores,
6 ངེད་རྣམས་ཀྱི་ཆ་ནས་ཡབ་དཀོན་མཆོག་གཅིག་རང་ཡིན། ཁོང་ལས་དངོས་པོ་ཐམས་ཅད་འབྱུང་ཞིང༌། ངེད་རྣམས་ནི་ཁོང་གི་ཆེད་དུ་གནས། ཡང་གཙོ་བོ་གཅིག་སྟེ་ཡེ་ཤུ་མཱ་ཤི་ཀ་ཡིན། ཁོང་གི་སྒོ་ནས་དངོས་པོ་ཐམས་ཅད་འབྱུང་ཞིང༌། ངེད་རྣམས་ཁོང་གི་སྒོ་ནས་གནས་སོ། །
6 todavia, para nós há um só Deus, o Pai, de quem são todas as coisas e para quem existimos; e um só Senhor, Jesus Cristo, pelo qual são todas as coisas, e nós também, por ele.
7 འོན་ཀྱང་མི་ཐམས་ཅད་ལ་དེའི་ཤེས་བྱ་མེད། སྔོན་སྐུ་འདྲ་བརྟེན་རྒྱུར་གོམས་པས་མི་ཁ་ཤས་ཀྱིས་ད་ལྟའི་བར་དུ་ཡང་ཟས་ཟ་བ་དེ་སྐུ་འདྲར་ཕུལ་བའི་ཟས་སུ་སེམས་པ་དང༌། ཁོ་ཚོའི་དྲང་སེམས་ཞན་པས་ངན་རུལ་དུ་འགྱུར།
7 Entretanto, não há esse conhecimento em todos; porque alguns, por efeito da familiaridade até agora com o ídolo, ainda comem dessas coisas como a ele sacrificadas; e a consciência destes, por ser fraca, vem a contaminar-se.
8 ཟས་ཟ་བའི་སྒོ་ནས་ངེད་རྣམས་དཀོན་མཆོག་དང་ཉེ་བར་མི་འགྲོ མ་བཟས་ན་གནོད་པ་མེད་ལ། བཟས་ན་ཕན་འདོགས་ཀྱང་མེད།
8 Não é a comida que nos recomendará a Deus, pois nada perderemos, se não comermos, e nada ganharemos, se comermos.
9 འོན་ཏེ་ཁྱེད་ཀྱི་རང་དབང་འདི་དྲང་སེམས་ཞན་པ་རྣམས་ལ་སྡིག་ཉེས་ཀྱི་རྒྱུ་རྐྱེན་དུ་མི་འགྱུར་བར་དོགས་ཟོན་གྱིས་ཤིག
9 Vede, porém, que esta vossa liberdade não venha, de algum modo, a ser tropeço para os fracos.
10 གང་ཡིན་ཞེ་ན། དྲང་སེམས་ཞན་པ་ཞིག་གིས་ཁྱོད་ཤེས་བྱ་དང་ལྡན་པས་ལྷ་ཁང་ལ་ཟས་ཟ་བར་མཐོང་ན། ཁོས་ལྷ་སྐུ་ལ་མཆོད་པ་དེ་ཟ་བར་མི་སྐུལ་ལམ།
10 Porque, se alguém te vir a ti, que és dotado de saber, à mesa, em templo de ídolo, não será a consciência do que é fraco induzida a participar de comidas sacrificadas a ídolos?
11 དེའི་ཕྱིར་ཁྱོད་ཀྱི་ཤེས་བྱའི་སྒོ་ནས་དྲང་སེམས་ཞན་པ་དེ་འཕྲོ་བརླག་འགྲོ་བར་འགྱུར། མཱ་ཤི་ཀ་སྤུན་ཟླ་དེའི་ཆེད་དུ་ཡང་བཀྲོངས།
11 E assim, por causa do teu saber, perece o irmão fraco, pelo qual Cristo morreu.
12 སྤུན་ཟླ་རྣམས་ལ་སྡིག་ཉེས་དེ་ལྟར་བྱེད་དེ། ཁོ་ཚོའི་དྲང་སེམས་ཞན་པ་དེ་གནོད་པའི་སྒོ་ནས་ཁྱོད་རྣམས་ཀྱིས་མཱ་ཤི་ཀ་ལ་སྡིག་པ་བྱེད།
12 E deste modo, pecando contra os irmãos, golpeando-lhes a consciência fraca, é contra Cristo que pecais.
13 གལ་ཏེ་ངས་གང་ཟས་པ་དེ་སྤུན་ཟླའི་སྡིག་ཉེས་ཀྱི་རྒྱུ་རྐྱེན་དུ་གྱུར་ན། སྤུན་ཟླས་སྡིག་ཉེས་མི་བྱེད་པའི་ཕྱིར་ངས་ནམ་ཡང་ཤ་མི་ཟའོ། །
13 E, por isso, se a comida serve de escândalo a meu irmão, nunca mais comerei carne, para que não venha a escandalizá-lo.

Ler em outra tradução

Comparar com outra

Estude este capítulo no WhatsApp

Peça à IA da Bíblia Fala para explicar 1 Coríntios 8, comparar traduções ou montar um estudo — tudo direto pelo WhatsApp.