1 Coríntios 4

Central Tibetan Bible (BOD) vs NVI

Sair da comparação
NVI Nova Versão Internacional
1 མི་རྣམས་ཀྱིས་ང་ཚོ་ནི་མཱ་ཤི་ཀའི་ཞབས་ཕྱི་དང༌། དཀོན་མཆོག་གི་གསང་བའི་དོན་གྱི་གཉེར་པ་ལྟར་རྩི་དགོས།
1 Portanto, que todos nos considerem como servos de Cristo e encarregados dos mistérios de Deus.
2 གཉེར་པ་ནི་བློ་གཏད་ཆོག་པ་ཡིན་དགོས།
2 O que se requer destes encarregados é que sejam fiéis.
3 ཁྱེད་ཚོ་དང༌། ཡང་ན་མིའི་ཁྲིམས་ར་གང་ཞིག་གིས་ང་ལ་དཔྱད་པ་བཏང་ན་དེ་ང་ལ་གལ་ཆེན་པོ་མིན། ངས་རང་གི་ལས་ཀའི་སྤུས་ཚད་ལའང་དཔྱོད་པ་མི་གཏོང༌།
3 Pouco me importa ser julgado por vocês ou por qualquer tribunal humano; de fato, nem eu julgo a mim mesmo.
4 ང་རྒྱུ་དག་ཡོད་པའི་མི་ཞིག་ཡིན་ཡང་དེ་ཡིས་ང་ལ་ཉེས་པ་མེད་པ་ར་སྤྲོད་བྱེད་མི་ཐུབ། ང་ལ་དཔྱད་པ་གཏོང་མཁན་དེ་གཙོ་བོ་ཡིན།
4 Embora em nada minha consciência me acuse, nem por isso justifico a mim mesmo; o Senhor é quem me julga.
5 དེའི་ཕྱིར་བཀོད་པའི་དུས་ལ་མ་བབས་པའི་སྔོན་དུ་མི་སུ་ལའང་དཔྱད་པ་མི་གཏོང་ཞིག མུན་པར་སྦས་པའི་དོན་གསལ་བར་གནང་བ་དང༌། སེམས་ཀྱི་དམིགས་ཡུལ་མངོན་པར་མཛད་མཁན་གཙོ་བོ་མ་འབྱོན་པའི་བར་དུ་སྒུགས་ཤིག དེའི་དུས་སུ་མི་རེ་རེར་དཀོན་མཆོག་ནས་བསྟོད་པ་འཐོབ་པར་འགྱུར།
5 Portanto, não julguem nada antes da hora devida; esperem até que o Senhor venha. Ele trará à luz o que está oculto nas trevas e manifestará as intenções dos corações. Nessa ocasião, cada um receberá de Deus a sua aprovação.
6 སྤུན་ཟླ་རྣམས། གང་བྲིས་པའི་དོན་ལས་མི་འདའ་ཞེས་པའི་དོན་སློབ་པའི་ཆེད་དང༌། ཁྱེད་རྣམས་ལ་ཕན་པའི་ཕྱིར་ངས་ང་རང་དང་ཨ་པོ་ལོ་སི་དཔེ་རུ་བཞག དེ་ནི་ཁྱོད་ཚོ་དགེ་རྒན་གྱི་ཐོག་ནས་རང་མཐོང་ཅན་དུ་མི་འགྱུར་བ་དང་ཁྱོད་ཚོ་ལས་སུས་ཀྱང་ཕྱོགས་རིས་མི་བྱེད་པའི་ཆེད་དུ་ཡིན།
6 Irmãos, apliquei essas coisas a mim e a Apolo por amor a vocês, para que aprendam de nós o que significa: "Não ultrapassem o que está escrito". Assim, ninguém se orgulhe a favor de um homem em detrimento de outro.
7 ཁྱོད་མི་གཞན་ལས་གལ་ཆེ་བར་སུས་རྩི། གཞན་ལས་མ་ཐོབ་པ་ཁྱོད་ལ་གང་ཡོད། ཡང་གཞན་ལས་ཐོབ་པ་ཡིན་ན། མ་ཐོབ་པ་ལྟར་ཅིའི་ཕྱིར་རང་བསྟོད་བྱེད།
7 Pois, quem torna você diferente de qualquer outra pessoa? O que você tem que não tenha recebido? E se o recebeu, por que se orgulha, como se assim não fosse?
8 ཁྱོད་ཚོར་གང་འདོད་པ་ཐམས་ཅད་ཡོད་པ་དང༌། ཕྱུག་པོར་གྱུར་ཟིན་ནོ། ང་ཚོ་མེད་པར་ཁྱོད་ཚོ་རྒྱལ་པོར་གྱུར། དོན་དམ་དུ་ང་ཚོ་ཁྱོད་རྣམས་དང་བཅས་པར་དབང་སྒྱུར་བའི་ཕྱིར་ཁྱོད་དངོས་གནས་རྒྱལ་པོར་གྱུར་ན་ཅི་མ་རུང༌།
8 Vocês já têm tudo o que querem! Já se tornaram ricos! Chegaram a ser reis — e sem nós! Como eu gostaria que vocês realmente fossem reis, para que nós também reinássemos com vocês!
9 ངའི་བསམ་པར་སྲོག་ཁྲིམས་གཏོང་བའི་མི་རྣམས་དང་འདྲ་བར་དཀོན་མཆོག་གིས་སྐུ་ཚབ་ངེད་རྣམས་རུ་སྒྲིག་གི་མཇུག་ཏུ་སྟོན་པར་མཛད། འཇིག་རྟེན་ཁམས་དང༌། དཀོན་མཆོག་གི་ཕོ་ཉ། མི་རྣམས་ཀྱི་མདུན་དུ་ང་ཚོ་ལྟད་མོར་གྱུར།
9 Porque me parece que Deus nos colocou a nós, os apóstolos, em último lugar, como condenados à morte. Temo-nos tornado um espetáculo para o mundo, tanto diante de anjos como de homens.
10 མཱ་ཤི་ཀའི་དོན་དུ་ང་ཚོ་བླུན་པོ་ཡིན་ཡང༌། ཁྱོད་རྣམས་མཱ་ཤི་ཀའི་ཐོག་ནས་མཁས་པ་ཡིན། ང་ཚོ་སྟོབས་ཞན་ཡང༌། ཁྱོད་ཚོ་སྟོབས་ཆེ། ཁྱོད་རྣམས་ལ་བཀུར་སྟི་དང༌། ང་ཚོར་སྨད་པ་འཐོབ།
10 Nós somos loucos por causa de Cristo, mas vocês são sensatos em Cristo! Nós somos fracos, mas vocês são fortes! Vocês são respeitados, mas nós somos desprezados!
11 དུས་འདིར་བར་ང་ཚོ་ལྟོགས་ཤིང་སྐོམ། གོས་དང་བྲལ་བ། གཞན་གྱིས་བརྡུངས་པ། རང་ཁྱིམ་མེད་པ་ཡིན་ཞིང༌།
11 Até agora estamos passando fome, sede e necessidade de roupas, estamos sendo tratados brutalmente, não temos residência certa e
12 རང་གི་ལག་གཉིས་ལ་བརྟེན་ནས་ངལ་རྩོལ་བྱེད། གཞན་གྱིས་དམོད་མོ་འདེབས་སྐབས་ངེད་ཀྱིས་བདེ་བའི་ལན་སློག མནར་གཅོད་མྱོང་དུས་བཟོད་པ་སྒོམ།
12 trabalhamos arduamente com nossas próprias mãos. Quando somos amaldiçoados, abençoamos; quando perseguidos, suportamos;
13 གཞན་གྱིས་དམའ་འབེབས་བྱེད་སྐབས་ང་ཚོས་ངག་འཇམ་པོས་ལན་བྱེད། ད་ལྟའི་བར་དུ་ཡང་ང་ཚོ་འཇིག་རྟེན་གྱི་གད་སྙིགས་དང༌། དངོས་པོ་ཀུན་གྱི་ལྷག་རོར་རྩི།
13 quando caluniados, respondemos amavelmente. Até agora nos tornamos a escória da terra, o lixo do mundo.
14 འདི་དག་ནི་ཁྱོད་ཚོར་ངོ་ཚ་འབེབས་པའི་ཆེད་དུ་བྲིས་པ་མ་ཡིན་གྱིས། ངའི་གཅེས་པའི་ཕྲུ་གུ་ལྟར་ཁ་ཏ་བསླབ་བྱ་བྱེད་པའི་ཆེད་དུ་ཡིན།
14 Não estou tentando envergonhá-los ao escrever estas coisas, mas procuro adverti-los, como a meus filhos amados.
15 མཱ་ཤི་ཀའི་ཐོག་ནས་ཁྱོད་རྣམས་ལ་ལྟ་སྐྱོང་བྱེད་མཁན་ཁྲི་ཙམ་ཡོད་ནའང་ཕ་མང་པོ་མེད་པས། ངས་ཁྱེད་ཚོར་འཕྲིན་བཟང་སྒྲོག་པའི་དུས་མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་ང་ཁྱོད་ཚོའི་ཕ་རུ་གྱུར།
15 Embora possam ter dez mil tutores em Cristo, vocês não têm muitos pais, pois em Cristo Jesus eu mesmo os gerei por meio do evangelho.
16 དེའི་ཕྱིར་ང་ལ་དཔེ་ལྟ་བར་ཁྱོད་རྣམས་ལ་སྐུལ།
16 Portanto, suplico-lhes que sejam meus imitadores.
17 དེ་བས་གཙོ་བོའི་ངང་ནས་ངའི་གཅེས་པའི་བུ་བློ་གཏད་ཆོག་པ་ཐི་མོ་ཐེ་ཁྱོད་ཀྱི་རྩར་བཏང་བ་ཡིན། ཁོང་གིས་ངས་མཱ་ཤི་ཀའི་ཐོག་ནས་ཡུལ་ཀུན་ཏུ་ཆོས་ཚོགས་ཐམས་ཅད་ལ་སློབ་པའི་རྩ་དོན་དག་ཁྱོད་ཚོར་དྲན་སྐུལ་བྱེད།
17 Por essa razão estou lhes enviando Timóteo, meu filho amado e fiel no Senhor, o qual lhes trará à lembrança a minha maneira de viver em Cristo Jesus, de acordo com o que eu ensino por toda parte, em todas as igrejas.
18 ཁྱོད་ཚོའི་ཁྲོད་དུ་མི་ཁ་ཤས་ཀྱིས་ང་ཁྱོད་ཚོའི་སར་མི་ཡོང་བསམ་ནས་ང་རྒྱལ་ཅན་དུ་གྱུར།
18 Alguns de vocês se tornaram arrogantes, como se eu não fosse mais visitá-los.
19 འོན་ཀྱང་གཙོ་བོའི་དགོངས་པ་ཡིན་ན་རིང་པོར་མ་ལོན་པར་ང་ཁྱོད་ཀྱི་རྩར་ཡོང་ནས་ང་རྒྱལ་ཅན་ཚོའི་གཏམ་མ་ཡིན་པར་ཁོ་ཚོར་ནུས་མཐུ་གང་ཡོད་པ་ཤེས་པར་འགྱུར།
19 Mas irei muito em breve, se o Senhor permitir; então saberei não apenas o que estão falando esses arrogantes, mas que poder eles têm.
20 གང་ལགས་ཤེ་ན། དཀོན་མཆོག་གི་རྒྱལ་སྲིད་ནི་གཏམ་ལ་མི་བརྟེན་ཏེ་ནུས་མཐུ་ལ་བརྟེན་པའི་ཕྱིར་རོ།
20 Pois o Reino de Deus não consiste de palavras, mas de poder.
21 ཁྱོད་ཚོར་ཅི་འདོད། ང་ཁྱོད་ཀྱི་རྩར་དབྱུག་པ་འཁུར་ནས་ཡོང་བའམ། བྱམས་སེམས་དང་སེམས་དུལ་པོའི་ངང་ནས་ཡོང་ངམ། །
21 Que é que vocês querem? Devo ir a vocês com vara, ou com amor e espírito de mansidão?

Ler em outra tradução

Comparar com outra

Estude este capítulo no WhatsApp

Peça à IA da Bíblia Fala para explicar 1 Coríntios 4, comparar traduções ou montar um estudo — tudo direto pelo WhatsApp.