Tito 2

Central Tibetan Bible (BOD) vs NVI

Sair da comparação
NVI Nova Versão Internacional
1 འོན་ཀྱང་ཁྱེད་ཀྱིས་སྐྱོན་མེད་པའི་བསྟན་པ་དང་མཐུན་པའི་ཆོས་སྟོན་ཅིག
1 Você, porém, fale o que está de acordo com a sã doutrina.
2 རྒད་པོ་རྣམས་ནི་ཚོད་ཤེས་པ་དང༌། བཙུན་པ། རང་ཚོད་ཟིན་པ་མ་ཟད། དད་པ་དང༌། བྱམས་པ། བཟོད་པ་དང་ལྡན་པ་བཅས་སྐྱོན་མེད་དུ་གནས་དགོས་པར་ཁྱེད་ཀྱིས་ཆོས་སྟོན་དགོས།
2 Ensine os homens mais velhos a serem sóbrios, dignos de respeito, sensatos, e sadios na fé, no amor e na perseverança.
3 དེ་བཞིན་དུ་རྒད་མོ་རྣམས་སྤྱོད་ཚུལ་དམ་པ་དང༌། རྒུན་ཆང་ལ་སོགས་མང་པོ་མི་འཐུང་མཁན། དམའ་འབེབས་མི་གཏོང་བ། བཟང་པོ་སྟོན་མཁན་བཅས་ཡིན་དགོས་པར་ཁྱེད་ཀྱིས་ཆོས་སྟོན་དགོས།
3 Semelhantemente, ensine as mulheres mais velhas a serem reverentes na sua maneira de viver, a não serem caluniadoras nem escravizadas a muito vinho, mas a serem capazes de ensinar o que é bom.
4 — ausente —
4 Assim, poderão orientar as mulheres mais jovens a amarem seus maridos e seus filhos,
5 — ausente —
5 a serem prudentes e puras, a estarem ocupadas em casa, e a serem bondosas e sujeitas a seus próprios maridos, a fim de que a palavra de Deus não seja difamada.
6 དེ་བཞིན་ཁྱེད་ཀྱིས་གཞོན་ནུ་རྣམས་རང་ཚོད་ཟིན་མཁན་ཡིན་པར་སྐུལ་དགོས་ལ།
6 Da mesma maneira, encoraje os jovens a serem prudentes.
7 དོན་ཐམས་ཅད་ལས་བཟང་གི་དཔེ་རུ་བྱོས་ཤིག གལ་ཏེ་ཁྱེད་ཀྱི་ཆོས་བསྟན་པ་བཅོས་མིན་དང༌། བཙུན་པ།
7 Em tudo seja você mesmo um exemplo para eles, fazendo boas obras. Em seu ensino, mostre integridade e seriedade;
8 སྐྱོན་མེད་པ། སྐྱོན་བརྗོད་བྱེད་མི་སྲིད་པ་བཅས་ཡིན་ན། ངོ་རྒོལ་བྱེད་མཁན་གྱིས་ང་ཚོའི་སྐོར་ངན་གཏམ་ཤོད་མི་ཐུབ་པས་ངོ་ཚ་བར་འགྱུར།
8 use linguagem sadia, contra a qual nada se possa dizer, para que aqueles que se lhe opõem fiquem envergonhados por não terem nada de mal para dizer a nosso respeito.
9 བྲན་གཡོག་རྣམས་ཀྱིས་བདག་པོའི་ཁ་ལ་ཉན་པ་དང༌། དོན་ཐམས་ཅད་ལ་དེ་ཚོ་དགའ་བར་བྱེད་པ། ཕྱིར་མི་རྒོལ་བ།
9 Ensine os escravos a se submeterem em tudo a seus senhores, a procurarem agradá-los, a não serem respondões e
10 མི་རྐུ་བར་དྲང་པོ་ཡིད་ཆེས་བཅས་བྱེད་པར་སྐུལ་དགོས། དེ་ནི་ང་ཚོའི་སྐྱབས་མགོན་དཀོན་མཆོག་གི་བསྟན་པ་ལ་མི་རྣམས་ཀྱིས་བཀུར་སྟི་བྱེད་པའི་ཕྱིར་ཡིན།
10 a não roubá-los, mas a mostrarem que são inteiramente dignos de confiança, para que assim tornem atraente, em tudo, o ensino de Deus, nosso Salvador.
11 མི་ཐམས་ཅད་སྐྱོབ་པའི་ཕྱིར་དཀོན་མཆོག་གི་ཐུགས་རྗེ་མངོན་པར་གྱུར།
11 Porque a graça de Deus se manifestou salvadora a todos os homens.
12 དཀོན་མཆོག་གི་ཐུགས་རྗེ་དེས་ཆོས་མེད་པ་དང་འཇིག་རྟེན་གྱི་འདོད་ཆགས་དོར་ནས་དུས་འདིར་རང་ཚོད་ཟིན་པ་དང༌། དྲང་བ། དམ་པ་ཡིན་དགོས་པར་ང་ཚོར་སྟོན།
12 Ela nos ensina a renunciar à impiedade e às paixões mundanas e a viver de maneira sensata, justa e piedosa nesta era presente,
13 དུས་དེའི་རིང་ལ་ང་ཚོའི་རླབས་ཆེ་བའི་རེ་སྒུག་བྱེད་པ་ནི་བླ་ན་མེད་པའི་དཀོན་མཆོག་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི་གཟི་བརྗིད་མངོན་པ་བྱེད་རྒྱུ་དེ་ཡིན།
13 enquanto aguardamos a bendita esperança: a gloriosa manifestação de nosso grande Deus e Salvador, Jesus Cristo.
14 ཡེ་ཤུས་ང་ཚོ་ལས་ངན་ཐམས་ཅད་ལས་བླུ་རིན་གྱིས་ཐར་དུ་འཇུག་པ་དང༌། རང་གི་དོན་དུ་ལས་བཟང་བྱེད་པར་བརྩོན་སེམས་ཡོད་པའི་འབངས་མི་ལྷད་མེད་པར་མཛད་པའི་ཕྱིར་ཁོང་གིས་རང་གི་སྲོག་བློས་བཏང༌།
14 Ele se entregou por nós a fim de nos remir de toda a maldade e purificar para si mesmo um povo particularmente seu, dedicado à prática de boas obras.
15 དོན་འདི་རྣམས་དབང་གིས་སྟོན་ཞིང༌། མི་རྣམས་ལ་སྐུལ་མ་དང་བཀའ་བཀྱོན་ཡང་གཏོང་ཞིག མི་སུས་ཀྱང་ཁྱེད་ལ་སྣང་མེད་བྱེད་དུ་མ་འཇུག་ཅིག །
15 É isso que você deve ensinar, exortando-os e repreendendo-os com toda a autoridade. Ninguém o despreze.

Ler em outra tradução

Comparar com outra

Estude este capítulo no WhatsApp

Peça à IA da Bíblia Fala para explicar Tito 2, comparar traduções ou montar um estudo — tudo direto pelo WhatsApp.