Romanos 13

Central Tibetan Bible (BOD) vs VC

Sair da comparação
VC Versão Católica
1 མི་རེ་རེས་སྲིད་དབང་གི་དབང་སྒྱུར་མཁན་གྱི་བཀའ་ལ་ཉན་དགོས། གང་ལགས་ཟེར་ན། དེར་ཡོད་པའི་དབང་ནི་དཀོན་མཆོག་གིས་བཀོད་པ་ཡིན་གྱིས། དཀོན་མཆོག་གིས་བཀོད་པ་ལས་གཞན་པའི་དབང་མེད་དོ།
1 Cada qual seja submisso às autoridades constituídas, porque não há autoridade que não venha de Deus; as que existem foram instituídas por Deus.
2 དེའི་ཕྱིར་སུས་ཀྱང་དབང་སྒྱུར་མཁན་གྱི་བཀའ་བརྒལ་ན་དེས་དཀོན་མཆོག་གི་བཀའ་ལ་རྒོལ། ཡང་དཀོན་མཆོག་གི་བཀའ་ལ་རྒོལ་མཁན་རྣམས་ལ་ཁྲིམས་གཅོད་ཕོག་པར་འགྱུར།
2 Assim, aquele que resiste à autoridade, opõe-se à ordem estabelecida por Deus; e os que a ela se opõem, atraem sobre si a condenação.
3 གང་ཡིན་ཞེ་ན། སྤྱོད་ལམ་བཟང་པོ་བྱེད་མཁན་མིན་ཏེ་ངན་པ་བྱེད་མཁན་རྣམས་དབང་སྒྱུར་མཁན་ལ་འཇིགས་དགོས། གལ་ཏེ་དབང་སྒྱུར་གྱི་འཇིགས་པ་ལས་ཐར་བར་འདོད་ན། སྤྱོད་ལམ་བཟང་པོ་བྱོས་ཤིག དེ་རྗེས་ཁོས་ཁྱེད་ལ་བསྟོད་པར་འགྱུར།
3 Em verdade, as autoridades inspiram temor, não porém a quem pratica o bem, e sim a quem faz o mal! Queres não ter o que temer a autoridade? Faze o bem e terás o seu louvor.
4 ཁྱོད་ལ་ཕན་པའི་ཕྱིར་ཁོ་ནི་དཀོན་མཆོག་གི་ཞབས་ཕྱི་ཡིན། འོན་ཀྱང་ཁྱོད་ཀྱིས་ངན་པ་བྱས་ན་འཇིགས་དགོས། གང་ལགས་ཤེ་ན། ཁོས་དོན་མེད་དུ་རལ་གྲི་ཐོགས་པ་མ་ཡིན། ཁོ་ནི་ངན་པ་བྱེད་མཁན་ལ་ཐུགས་ཁྲོའི་ཆད་པ་གཅོད་པའི་དཀོན་མཆོག་གི་ཞབས་ཕྱི་ཡིན།
4 Porque ela é instrumento de Deus para teu bem. Mas, se fizeres o mal, teme, porque não é sem razão que leva a espada: é ministro de Deus, para fazer justiça e para exercer a ira contra aquele que pratica o mal.
5 དེའི་ཕྱིར་ཁོ་ཚོའི་བཀའ་ལ་ཉན་དགོས། དེ་ནི་ཉེས་ཆད་ལ་འཛེམ་པ་ཙམ་མ་ཟད་སེམས་དྲང་པོར་གནས་ཕྱིར་ཡང་ཡིན།
5 Portanto, é necessário submeter-se, não somente por temor do castigo, mas também por dever de consciência.
6 ཁྱོད་ཚོས་ཁྲལ་འཇལ་དགོས་པའི་རྒྱུ་མཚན་དེ་ཡིན། གང་ཡིན་ཟེར་ན། དབང་ལྡན་པ་རྣམས་ནི་དོན་དེ་རང་ལ་དམ་འཛིན་བྱེད་མཁན་དཀོན་མཆོག་གི་ཞབས་ཕྱི་ཡིན་པས་སོ།
6 É também por essa razão que pagais os impostos, pois os magistrados são ministros de Deus, quando exercem pontualmente esse ofício.
7 མི་ཐམས་ཅད་ལ་གང་སྤྲོད་དགོས་པ་དེ་སྤྲོད་ཅིག ཁྲལ་ལེན་མཁན་ལ་ཁྲལ་དང༌། ཚོང་ཁྲལ་སྡུད་མཁན་ལ་ཚོང་ཁྲལ་འཇོལ་ཞིག གུས་འོས་པ་ལ་གུས་ཤིང༌། བཀུར་སྟི་འོས་པ་ལ་བཀུར་སྟི་བྱོས་ཤིག
7 Pagai a cada um o que lhe compete: o imposto, a quem deveis o imposto; o tributo, a quem deveis o tributo; o temor e o respeito, a quem deveis o temor e o respeito.
8 གཅིག་གིས་གཅིག་ལ་བྱམས་པ་བྱེད་པ་མ་གཏོགས་པར་མི་སུ་ལའང་བུ་ལོན་འཇལ་རྒྱུ་ལུས་མ་འཇུག གང་ཡིན་ཞེ་ན། གཞན་ལ་བྱམས་པ་བྱེད་མཁན་གྱིས་ཆོས་ཁྲིམས་བསྒྲུབས་པས་སོ།
8 A ninguém fiqueis devendo coisa alguma, a não ser o amor recíproco; porque aquele que ama o seu próximo cumpriu toda a lei.
9 ལོག་གཡེམ་མ་བྱེད། མིའི་སྲོག་མ་གཅོད། རྐུ་མ་མ་རྐུས། ཧམ་འདོད་མ་བྱེད་ལ་སོགས་པའི་བཀའ་ཁྲིམས་ནི། ཁྱིམ་མཚེས་ལ་རང་དང་འདྲ་བར་བརྩེ་བར་ཟུངས་ཤིག་ཅེས་པའི་བཀའ་ཡིས་སྙིང་དོན་སྡུད།
9 Pois os preceitos: Não cometerás adultério, não matarás, não furtarás, não cobiçarás, e ainda outros mandamentos que existam, eles se resumem nestas palavras: Amarás o teu próximo como a ti mesmo.
10 བྱམས་པ་ནི་ཁྱིམ་མཚེས་ལ་གནོད་པ་མི་བྱེད། དེར་བརྟེན་བྱམས་པ་ནི་ཆོས་ཁྲིམས་སྒྲུབ་པའོ། །
10 A caridade não pratica o mal contra o próximo. Portanto, a caridade é o pleno cumprimento da lei.
11 དུས་སྐབས་འདི་རྟོགས་ཏེ་དེ་ལྟར་བྱོས་ཤིག ང་ཚོས་ཐོག་མར་དད་པ་སྐྱེས་པའི་དུས་དེ་ལས་ཀྱང་ད་ལྟ་ངེད་ཀྱི་ཐར་པ་ཉེ་བར་ཡོང་བས་གཉིད་སད་པའི་དུས་ལ་འབབ།
11 Isso é tanto mais importante porque sabeis em que tempo vivemos. Já é hora de despertardes do sono. A salvação está mais perto do que quando abraçamos a fé.
12 མཚན་མོ་འདས་ཤིང་ཉི་མ་ཤར་གྲབས་ཡོད་པས་མུན་པའི་ཁྲོད་ཀྱི་བྱ་བ་སྤངས་ནས་འོད་ཀྱི་ཁྲབ་གྱོན་དགོས།
12 A noite vai adiantada, e o dia vem chegando. Despojemo-nos das obras das trevas e vistamo-nos das armas da luz.
13 བག་མེད་ལོངས་སྤྱོད་དང༌། ར་བཟི། ལོག་གཡེམ། འདོད་ཆགས། ཁ་རྩོད། ཕྲག་དོག་བཅས་མེད་པར་ཉིན་མོ་དང་བསྟུན་པའི་སྤྱོད་ལམ་བཟང་པོ་བྱེད་དགོས།
13 Comportemo-nos honestamente, como em pleno dia: nada de orgias, nada de bebedeira; nada de desonestidades nem dissoluções; nada de contendas, nada de ciúmes.
14 དེ་ལས་ལྡོག་སྟེ་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་གོས་ལྟར་གྱོན་པ་དང༌། སྡིག་པའི་རང་གཤིས་ཀྱི་འདོད་པ་སྐོང་བར་མ་སོམས་ཤིག །
14 Ao contrário, revesti-vos do Senhor Jesus Cristo e não façais caso da carne nem lhe satisfaçais aos apetites.

Ler em outra tradução

Comparar com outra

Estude este capítulo no WhatsApp

Peça à IA da Bíblia Fala para explicar Romanos 13, comparar traduções ou montar um estudo — tudo direto pelo WhatsApp.