Apocalipse 9
Central Tibetan Bible (BOD) vs ACF
1 ཕོ་ཉ་ལྔ་པས་རང་གི་དུང་ཆེན་བུས་ནས་ངས་ནམ་མཁའ་ནས་ས་ལ་ལྷུངས་པའི་སྐར་མ་ཞིག་མཐོང༌། སྐར་མ་དེ་ལ་གཏིང་མཐའ་མེད་པའི་དོང་གི་སྒོའི་ལྡེ་མིག་གནང་བ་དང༌།
1 E o quinto anjo tocou a sua trombeta, e vi uma estrela que do céu caiu na terra; e foi-lhe dada a chave do poço do abismo.
2 དེས་གཏིང་མཐའ་མེད་པའི་དོང་གི་སྒོ་ཕྱེ་སྟེ་མེ་ཐབ་ཆེན་པོའི་དུ་བ་ལྟར་ས་དོང་དེ་ནས་དུ་བ་ཐོན་པས་ཉི་མ་དང་ནམ་མཁའ་གཉིས་བསྒྲིབས།
2 E abriu o poço do abismo, e subiu fumaça do poço, como a fumaça de uma grande fornalha, e com a fumaça do poço escureceu-se o sol e o ar.
3 དུ་བ་དེ་ནས་འབུ་ཆ་ག་པ་རྣམས་ས་གཞི་ལ་བྱུང་ཞིང༌། དེ་ཚོར་ས་གཞིའི་སྡིག་པ་རྭ་ཅན་ལ་ཡོད་པའི་ནུས་པ་ལྟར་གནང༌།
3 E da fumaça vieram gafanhotos sobre a terra; e foi-lhes dado poder, como o poder que têm os escorpiões da terra.
4 འབུ་ཆ་ག་པ་རྣམས་ལ་ས་གཞི་ལ་ཡོད་པའི་རྩྭའམ། རྩི་ཤིང་ངམ། ཤིང་གང་ལའང་གནོད་པ་མི་བྱེད་པར། དཀོན་མཆོག་གི་རྟགས་དཔྲལ་བ་ལ་མེད་པའི་མི་རྣམས་ཁོ་ནར་གནོད་པ་བྱེད་པའི་བཀའ་བཏང༌།
4 E foi-lhes dito que não fizessem dano à erva da terra, nem a verdura alguma, nem a árvore alguma, mas somente aos homens que não têm nas suas testas o selo de Deus.
5 དེ་ཚོ་ལ་སུ་ཞིག་མི་གསོད་པར་ཟླ་བ་ལྔའི་བར་དུ་མནར་གཅོད་གཏོང་བའི་ཆོག་མཆན་གནང༌། མི་རྣམས་ཀྱིས་མྱོང་བའི་སྡུག་བསྔལ་ནི་སྡིག་པ་རྭ་ཅན་གྱིས་མི་ཞིག་ལ་མདུང་རྒྱག་པ་དང་འདྲ་བ་ཡིན།
5 E foi-lhes permitido, não que os matassem, mas que por cinco meses os atormentassem; e o seu tormento era semelhante ao tormento do escorpião, quando fere o homem.
6 དེའི་དུས་སུ་མི་རྣམས་ཀྱིས་འཆི་བ་འཚོལ་ཡང་མི་རྙེད་དེ། ཤི་བར་འདོད་ཀྱང་འཆི་བ་དེ་རྣམས་ལས་འབྲོས་ཡོང༌།
6 E naqueles dias os homens buscarão a morte, e não a acharão; e desejarão morrer, e a morte fugirá deles.
7 འབུ་ཆ་ག་པ་དེ་ཚོ་དམག་སར་འགྲོ་བའི་རྟ་དང་འདྲ་བ་ཡིན་ཏེ། མགོ་ལ་གསེར་གྱི་ཅོད་པན་དང་འདྲ་བ་ཡིན་ཞིང༌། གདོང་ནི་མིའི་ངོ་གདོང་དང་འདྲ་བ་ཡིན།
7 E o parecer dos gafanhotos era semelhante ao de cavalos aparelhados para a guerra; e sobre as suas cabeças havia umas como coroas semelhantes ao ouro; e os seus rostos eram como rostos de homens.
8 དེ་ཚོའི་སྐྲ་ནི་བུད་མེད་རྣམས་ཀྱི་སྐྲ་དང༌། སོ་ནི་སེང་གེའི་སོ་དང་འདྲ་བ་ཡིན།
8 E tinham cabelos como cabelos de mulheres, e os seus dentes eram como de leões.
9 ལུས་ལ་ལྕགས་ཀྱི་བྲང་ཁྲབ་གྱོན་ཞིང༌། ཤོག་པའི་སྒྲ་ནི་རྟ་དང་ཤིང་རྟ་མང་པོ་དམག་སར་རྒྱུག་པའི་འུར་སྒྲ་དང་འདྲ་བ་ཡིན།
9 E tinham couraças como couraças de ferro; e o ruído das suas asas era como o ruído de carros, quando muitos cavalos correm ao combate.
10 དེ་ཚོའི་མཇུག་མ་སྡིག་པ་རྭ་ཅན་གྱི་མཇུག་མ་མདུང་ལྡན་དང་འདྲ་བ་ཡིན་པས། མཇུག་མ་དེ་ལ་ཟླ་བ་ལྔའི་བར་དུ་མི་རྣམས་ལ་མནར་གཅོད་གཏོང་བའི་ནུས་པ་གནང་ཡོད།
10 E tinham caudas semelhantes às dos escorpiões, e aguilhões nas suas caudas; e o seu poder era para danificar os homens por cinco meses.
11 དེ་ཚོའི་རྒྱལ་པོ་གཏིང་མཐའ་མེད་པའི་དོང་གི་ཕོ་ཉ་ཡིན། ཁོའི་མིང་ལ་ཡ་ཧུ་དཱ་པའི་སྐད་དུ་ཨ་བད་དཱོན་དང་གྷི་རིག་སྐད་དུ་ཨ་པོལ་ཡོན་ཞེས་ཟེར།
11 E tinham sobre si rei, o anjo do abismo; em hebreu era o seu nome Abadom, e em grego Apoliom.
12 ཆག་སྒོ་ཆེན་པོ་དང་པོ་ཚར་སོང༌། ལྟོས་ཤིག ད་དུང་ཆག་སྒོ་གཉིས་འབྱུང་བར་འགྱུར།
12 Passado é já um ai; eis que depois disso vêm ainda dois ais.
13 ཕོ་ཉ་དྲུག་པས་རང་གི་དུང་ཆེན་བུས་ནས་ངས་དཀོན་མཆོག་གི་མདུན་དུ་ཡོད་པའི་གསེར་གྱི་མཆོད་ཁྲིའི་རྭ་བཞི་ནས་འབྱུང་བའི་གསུང་སྐད་ཀྱིས།
13 E tocou o sexto anjo a sua trombeta, e ouvi uma voz que vinha das quatro pontas do altar de ouro, que estava diante de Deus,
14 དུང་ཆེན་ཡོད་པའི་ཕོ་ཉ་དྲུག་པ་ལ་“ཡུ་ཧྥ་ལ་ཏི་གཙང་པོ་ཆེན་པོར་བཅིངས་ཡོད་པའི་ཕོ་ཉ་བཞི་གློད་ཅིག་”ཅེས་གསུངས་པའི་སྐད་ཐོས།
14 A qual dizia ao sexto anjo, que tinha a trombeta: Solta os quatro anjos, que estão presos junto ao grande rio Eufrates.
15 ཆུ་ཚོད་དང་ཉིན་མོ་དང་ཟླ་བ་དང་ལོ་དེའི་ཆེད་དུ་བཤམས་ཡོད་པའི་ཕོ་ཉ་བཞི་པོ་མིའི་རིགས་གསུམ་ཆ་གཅིག་གསོད་པའི་ཕྱིར་གློད་པར་གྱུར།
15 E foram soltos os quatro anjos, que estavam preparados para a hora, e dia, e mês, e ano, a fim de matarem a terça parte dos homens.
16 ངས་རྟ་དམག་རྣམས་ཀྱི་གྲངས་ཏེ་དུང་ཕྱུར་གཉིས་ཡིན་ཟེར་བ་ཐོས།
16 E o número dos exércitos dos cavaleiros era de duzentos milhões; e ouvi o número deles.
17 ཞལ་གཟིགས་ཀྱི་སྒོ་ནས་ངས་མཐོང་བའི་རྟ་དང་དེ་ཚོར་ཞོན་མཁན་རྣམས་འདི་ལྟར་ཡིན་ཏེ། ཁོ་ཚོའི་བྲང་ཁྲབ་ཀྱི་ཁ་དོག་ནི་མེ་དང་འདྲ་བའི་དམར་པོ་དང༌། སྔོན་པོ་དང༌། མུ་ཟི་དང་འདྲ་བའི་གསེར་པོ་ཡིན་ཞིང༌། དེ་ཚོའི་མགོ་ནི་སེང་གེའི་མགོ་དང་འདྲ་བ་ཡིན། དེ་ཚོའི་ཁ་ནས་མེ་དང༌། དུ་བ་དང༌། མུ་ཟི་ཐོན།
17 E assim vi os cavalos nesta visão; e os que sobre eles cavalgavam tinham couraças de fogo, e de jacinto, e de enxofre; e as cabeças dos cavalos eram como cabeças de leões; e de suas bocas saía fogo e fumaça e enxofre.
18 རྟ་ཡི་ཁ་ནས་ཐོན་པའི་མེ་དང༌། དུ་བ་དང༌། མུ་ཟི་ཡིན་ཏེ་གནོད་འཚེ་འདི་ཚོ་གསུམ་གྱིས་མིའི་རིགས་གསུམ་ཆ་གཅིག་བསད།
18 Por estes três foi morta a terça parte dos homens, isto é pelo fogo, pela fumaça, e pelo enxofre, que saíam das suas bocas.
19 རྟ་རྣམས་ཀྱི་ནུས་པ་ནི་ཁའི་ནང་དང་མཇུག་མའི་སྟེང་ལ་ཡོད། མཇུག་མའི་སྟེང་ལ་མགོ་ཡོད་པའི་དུག་སྦྲུལ་དང་འདྲ་བས། མགོ་དེ་ཚོ་ཡིས་གནོད་པ་བྱེད།
19 Porque o poder dos cavalos está na sua boca e nas suas caudas. Porquanto as suas caudas são semelhantes a serpentes, e têm cabeças, e com elas danificam.
20 གནོད་པ་དེ་ཡིས་མ་བསད་པའི་མི་ལྷག་མ་རྣམས་ཀྱིས་གདོན་འདྲེ་དང༌། གསེར་དང༌། དངུལ་དང༌། ལི་དང༌། རྡོ་དང༌། ཤིང་ལས་བཟོས་ཏེ་མཐོང་ཐོས་འགྲུལ་གསུམ་མི་ཐུབ་པའི་རང་གི་ལག་པས་བཟོས་པའི་སྐུ་བརྙན་རྣམས་མ་སྤངས་པར་ད་དུང་བསྙེན་བཀུར་བྱས།
20 E os outros homens, que não foram mortos por estas pragas, não se arrependeram das obras de suas mãos, para não adorarem os demônios, e os ídolos de ouro, e de prata, e de bronze, e de pedra, e de madeira, que nem podem ver, nem ouvir, nem andar.
21 ཡང་ཁོ་ཚོས་མི་སྲོག་གཅོད་པ་དང༌། མཐུ་རྒྱག་པ་དང༌། ལོག་གཡེམ་དང༌། རྐུ་བའི་སྤྱོད་པ་མ་སྤངས་ཤིང་སེམས་མ་བསྒྱུར་རོ། །
21 E não se arrependeram dos seus homicídios, nem das suas feitiçarias, nem da sua fornicação, nem dos seus furtos.
Atalhos do teclado
- Capítulo anterior←
- Próximo capítulo→
- Versículo anteriork
- Próximo versículoj
- Limpar seleçãoEsc
- Esta ajuda?
Estude este capítulo no WhatsApp
Peça à IA da Bíblia Fala para explicar Apocalipse 9, comparar traduções ou montar um estudo — tudo direto pelo WhatsApp.