Apocalipse 6

Central Tibetan Bible (BOD) vs NAA

Sair da comparação
NAA Nova Almeida Atualizada 2017
1 དེ་ནས་ངས་ལུ་གུ་ཡིས་ཤོག་སྒྲིལ་དེའི་ཕྱག་རྒྱ་བདུན་ནས་དང་པོ་གཅོད་པར་མཐོང་ནས། སེམས་ཅན་བཞི་པོ་ལས་གཅིག་གིས་འབྲུག་སྒྲ་དང་འདྲ་བའི་སྐད་ཀྱིས་“ཤོག་”ཅེས་གསུངས་པ་ཐོས།
1 Vi quando o Cordeiro quebrou o primeiro dos sete selos e ouvi um dos quatro seres viventes dizendo, como se fosse som de trovão: — Venha!
2 ངས་བལྟས་ཏེ་དེར་རྟ་དཀར་པོ་ཞིག་དང༌། དེའི་སྟེང་ཞོན་མཁན་ལ་གཞུ་ཞིག་ཡོད་པ་མཐོང༌། ཁོ་ལ་ཅོད་པན་སྟེར་ནས་རྒྱལ་བ་དང་བཅས་རྒྱལ་བ་འཐོབ་པའི་ཆེད་དུ་ཐོན།
2 Vi, então, e eis um cavalo branco. O seu cavaleiro tinha um arco, e foi-lhe dada uma coroa. E ele saiu vencendo e para vencer.
3 ལུ་གུས་ཕྱག་རྒྱ་གཉིས་པ་གཅོད་པར་མཛད་པའི་ཚེ། ངས་སེམས་ཅན་གཉིས་པ་དེས་“ཤོག་”ཅེས་གསུངས་པ་ཐོས་པ་དང༌།
3 Quando o Cordeiro quebrou o segundo selo, ouvi o segundo ser vivente dizendo: — Venha!
4 རྟ་གཞན་མེ་དང་འདྲ་བའི་དམར་པོ་ཞིག་ཐོན། དེའི་སྟེང་ཞོན་མཁན་ལ་རལ་གྲི་ཆེན་པོ་ཞིག་དང༌། འཇིག་རྟེན་ནས་ཞི་བདེ་ལེན་ཏེ་མི་རྣམས་ཀྱིས་གཅིག་གི་གཅིག་ལ་གསོད་དུ་འཇུག་པའི་དབང་གནང་བ་ཡིན།
4 E saiu outro cavalo, que era vermelho. E ao seu cavaleiro foi dado poder para tirar a paz da terra e fazer com que os homens matassem uns aos outros. Também lhe foi dada uma grande espada.
5 ལུ་གུས་ཕྱག་རྒྱ་གསུམ་པ་གཅོད་པར་མཛད་པའི་ཚེ། ངས་སེམས་ཅན་གསུམ་པ་དེས་“ཤོག་”ཅེས་གསུངས་པ་ཐོས་པ་དང༌། ངས་བལྟས་ནས་དེར་རྟ་ནག་པོ་ཞིག་ཡོད་པ་དེའི་སྟེང་ཞོན་མཁན་ལག་ལ་རྒྱ་མ་ཞིག་ཡོད་པ་མཐོང༌།
5 Quando o Cordeiro quebrou o terceiro selo, ouvi o terceiro ser vivente dizendo: — Venha! Então olhei, e eis um cavalo preto e o seu cavaleiro com uma balança na mão.
6 ཡང་ངས་སེམས་ཅན་བཞི་པོའི་དཀྱིལ་དུ་“གྲོ་རྒྱ་མ་གང་གི་རིན་གོང་ནི་ཉིན་གཅིག་གི་གླ་ཆ་དང༌། ནས་རྒྱ་མ་གསུམ་གྱི་རིན་གོང་ནི་ཉིན་གཅིག་གི་གླ་ཆ་ཡིན་ཏེ། སྣུམ་དང་རྒུན་ཆང་ལ་གནོད་སྐྱོན་མ་གཏོང་ཞིག་”ཅེས་སྐད་དང་འདྲ་བ་ཞིག་གིས་གསུངས་པ་ཐོས།
6 E ouvi o que parecia uma voz no meio dos quatro seres viventes dizendo: — Uma medida de trigo por um denário; três medidas de cevada por um denário; e não danifique o azeite e o vinho.
7 ལུ་གུས་ཕྱག་རྒྱ་བཞི་པ་གཅོད་པར་མཛད་པའི་ཚེ། ངས་སེམས་ཅན་བཞི་པ་དེས་“ཤོག་”ཅེས་གསུངས་པ་ཐོས་པ་དང༌།
7 Quando o Cordeiro quebrou o quarto selo, ouvi a voz do quarto ser vivente dizendo: — Venha!
8 ངས་བལྟས་ནས་དེར་རྟ་སྐྱ་དཀར་ཞིག་ཡོད་ཅིང༌། དེའི་སྟེང་ཞོན་མཁན་གྱི་མིང་འཆི་བ་ཡིན་ཏེ། གཤིན་པོའི་ཁམས་དེའི་རྗེས་སུ་འབྲངས། དེ་གཉིས་ལ་རལ་གྲི་དང༌། མུ་གེ་དང༌། འགོས་ནད་དང༌། ས་གཞིའི་གཅན་གཟན་གྱི་སྒོ་ནས་འཇིག་རྟེན་གྱི་མི་བཞི་ཆ་གཅིག་གསོད་པའི་ཕྱིར་དབང་ཆ་གནང༌།
8 Vi, então, e eis um cavalo amarelo. O seu cavaleiro se chamava Morte, e o inferno o estava seguindo. E lhes foi dada autoridade sobre a quarta parte da terra para matar à espada, pela fome, com a mortandade e por meio dos animais selvagens da terra.
9 ལུ་གུས་ཕྱག་རྒྱ་ལྔ་པ་གཅོད་པར་མཛད་པའི་ཚེ། ངས་མཆོད་ཁྲིའི་འོག་ཏུ་དཀོན་མཆོག་གི་བཀའ་དང༌། ཡེ་ཤུ་ལ་བདེན་དཔང་བྱེད་པའི་རྐྱེན་གྱིས་བསད་པའི་མི་རྣམས་ཀྱི་སེམས་ཉིད་མཐོང༌།
9 Quando o Cordeiro quebrou o quinto selo, vi, debaixo do altar, as almas daqueles que tinham sido mortos por causa da palavra de Deus e por causa do testemunho que deram.
10 ཁོ་ཚོས་སྐད་ཆེན་པོས་“ཀྱེ། དབང་ཀུན་དང་ལྡན་པའི་དཀོན་མཆོག་དམ་པ་དང་བདེན་པ་ལགས། འཇིག་རྟེན་གྱི་མི་རྣམས་ལ་ཁྲིམས་གཅོད་མཛད་ཅིང༌། ང་ཚོའི་ཁྲག་གཟིགས་ནས་ངེད་རྣམས་ཀྱི་སྲོག་ལེན་པར་ང་ཚོས་དུས་ཡུན་ཇི་ཙམ་སྒུག་དགོས་”ཞེས་གསུངས།
10 Clamaram com voz forte, dizendo: — Até quando, ó Soberano Senhor, santo e verdadeiro, não julgas, nem vingas o nosso sangue dos que habitam sobre a terra?
11 དེ་ནས་ཁོ་ཚོ་རེ་རེ་ལ་གོས་དཀར་པོ་རེ་རེ་གནང་བར་གྱུར་ལ། ཁོ་རྣམས་དང་འདྲ་བར་གསོད་པར་འགྱུར་དེ་གཡོག་པོ་གཅིག་པ་ཡིན་པའི་མི་རྣམས་དང༌། ཁོ་ཚོའི་སྤུན་ཟླ་རྣམས་ཀྱི་གྲངས་ཚང་བའི་བར་དུ་དུས་ཐུང་ངུ་ངལ་གསོས་ནས་སྡོད་དགོས་པར་ཁོ་ཚོར་བསྐུལ།
11 Então a cada um deles foi dada uma veste branca, e lhes foi pedido que repousassem ainda por pouco tempo, até que também se completasse o número dos seus conservos e seus irmãos que iam ser mortos como eles tinham sido.
12 ངས་བལྟས་ཏེ་ལུ་གུས་ཕྱག་རྒྱ་དྲུག་པ་གཅོད་པར་མཛད་པའི་ཚེ། ས་ཡོམ་ཆེན་པོ་བྱུང་ཞིང༌། ཉི་མ་སྣམ་བུ་ནག་པོ་ལྟར་དང༌། ཉ་གང་ཟླ་བ་ཁྲག་ལྟར་དམར་པོར་གྱུར་ལ།
12 Vi quando o Cordeiro quebrou o sexto selo. Houve um grande terremoto, o sol se tornou negro como pano de saco feito de crina, a lua ficou toda vermelha como sangue,
13 རླུང་དྲག་པོས་སྒུལ་བའི་བསེ་ཡབ་ཤིང་ལས་མ་སྨིན་པའི་འབྲས་བུ་ལྷུངས་པ་ལྟར། སྐར་མ་རྣམས་ནམ་མཁའ་ནས་ས་ལ་ལྷུངས་པར་མཐོང༌།
13 as estrelas do céu caíram sobre a terra, como a figueira deixa cair os seus figos verdes quando sacudida por um vento forte,
14 ནམ་མཁའ་ནི་འགྲིལ་བཞིན་པའི་ཤོག་སྒྲིལ་ལྟར་ཡལ་བར་གྱུར་ཞིང༌། རི་དང་གླིང་ཕྲན་ཐམས་ཅད་སོ་སོའི་གནས་ལས་སྤོས་པར་གྱུར།
14 e o céu recolheu-se como um pergaminho quando se enrola. Então todos os montes e as ilhas foram movidos do seu lugar.
15 དེ་ནས་ས་གཞིའི་རྒྱལ་པོ་དང༌། དཔོན་རིགས་དང༌། དམག་དཔོན་དང༌། ཕྱུག་པོ་དང༌། དབང་ལྡན་དང༌། བྲན་གཡོག་དང་རང་དབང་ཅན་ཐམས་ཅད་ཀྱིས་བྲག་ཕུག་དང་རིའི་བྲག་གི་ནང་ཡིབས་ཏེ།
15 Os reis da terra, os grandes, os comandantes, os ricos, os poderosos e todo escravo e todo livre se esconderam nas cavernas e nos penhascos dos montes
16 རི་དང་བྲག་ལ་“བཞུགས་ཁྲི་ལ་བཞུགས་མཁན་གྱི་ཞལ་དང་ལུ་གུའི་ཐུགས་ཁྲོ་ལས་གཡོལ་བའི་ཕྱིར་ང་ཚོའི་སྟེང་དུ་བབས་ཤིག
16 e disseram aos montes e aos rochedos: — Caiam sobre nós e nos escondam da face daquele que está sentado no trono e da ira do Cordeiro!
17 གང་ཡིན་ཟེར་ན། ཁོང་ཚོའི་ཐུགས་ཁྲོའི་ཉིན་མོ་སླེབས་པས་སུས་བཟོད་ཐུབ་པར་བྱེད་”ཅེས་སྨྲས་སོ། །
17 Porque chegou o grande Dia da ira deles, e quem poderá subsistir?

Ler em outra tradução

Comparar com outra

Estude este capítulo no WhatsApp

Peça à IA da Bíblia Fala para explicar Apocalipse 6, comparar traduções ou montar um estudo — tudo direto pelo WhatsApp.