3 João 1

Central Tibetan Bible (BOD) vs NVI

Sair da comparação
NVI Nova Versão Internacional
1 ང་ཆོས་ཚོགས་ཀྱི་འགན་འཁུར་བ་ཡིས་བདེན་པ་ལ་གཅེས་པར་འཛིན་པའི་ག་ཡུ་ལ་འཕྲིན་ཡིག་འདི་ཕུལ་ལོ།
1 O presbítero ao amado Gaio, a quem amo na verdade.
2 ངའི་གཅེས་པའི་གྲོགས་པོ། ཁྱོད་ཀྱི་སེམས་བདེ་བ་ཡིན་པ་ལྟར། དོན་ཐམས་ཅད་དང༌། ལུས་ཁམས་ཀྱང་བདེ་པོ་ཡིན་པར་ངས་རེ་བ་བྱེད།
2 Amado, oro para que você tenha boa saúde e tudo lhe corra bem, assim como vai bem a sua alma.
3 སྤུན་ཟླ་ཁ་ཤས་འདིར་ཡོང་སྟེ། ཁྱོད་ཀྱིས་བདེན་པའི་ལམ་ལ་གནས་ཤིང༌། བདེན་པ་བཞིན་དུ་སྤྱོད་པར་བྱེད་པའི་གཏམ་བཤད་པ་ཐོས་ནས་ང་ཤིན་ཏུ་དགའ་བར་གྱུར།
3 Muito me alegrei ao receber a visita de alguns irmãos que falaram a respeito da sua fidelidade, de como você continua andando na verdade.
4 ངའི་ཕྲུ་གུས་བདེན་པའི་ལམ་ལ་གནས་པ་ཐོས་པ་དེ་ལས་ཆེ་བའི་དགའ་སྤྲོ་ང་ལ་མེད།
4 Não tenho alegria maior do que ouvir que meus filhos estão andando na verdade.
5 གཅེས་པའི་གྲོགས་པོ། སྤུན་ཟླ་དེ་ཚོ་ངོ་མི་ཤེས་པ་ཡིན་ཡང༌། ཁྱེད་ཀྱིས་བློ་གཏད་ཆོག་པའི་ངང་ནས་ཁོ་ཚོར་རོགས་རམ་བྱེད།
5 Amado, você é fiel no que está fazendo pelos irmãos, apesar de lhe serem desconhecidos.
6 ཆོས་ཚོགས་ཀྱི་མདུན་དུ་ཁོ་ཚོས་ཁྱེད་ཀྱི་བྱམས་སེམས་ལ་དཔང་པོ་བྱས། དཀོན་མཆོག་གི་ཞབས་ཕྱི་བྱེད་འོས་པའི་ཚུལ་དུ་ཁོ་ཚོ་ཕར་བཏང་ན་ལེགས།
6 Eles falaram à igreja a respeito deste seu amor. Você fará bem se os encaminhar em sua viagem de modo agradável a Deus,
7 གང་ཡིན་ཟེར་ན། ཁོ་ཚོ་དད་པ་མི་བྱེད་མཁན་རྣམས་ལས་རྒྱབ་སྐྱོར་ཅིའང་མ་ལེན་པར་མཱ་ཤི་ཀ་ཡི་ཕྱག་ལས་བྱེད་པའི་ཆེད་དུ་ཕྱིར་ཕེབས།
7 pois foi por causa do Nome que eles saíram, sem receber ajuda alguma dos gentios.
8 དེས་ན་ང་ཚོ་བདེན་པའི་དོན་དུ་མཉམ་དུ་ལས་བྱེད་པའི་ཕྱིར་ང་ཚོས་དེ་ལྟར་གྱི་མི་རྣམས་ལ་རྒྱབ་སྐྱོར་བྱེད་དགོས།
8 É, pois, nosso dever receber com hospitalidade a irmãos como esses, para que nos tornemos cooperadores em favor da verdade.
9 སྔར་ངས་ཆོས་ཚོགས་ལ་འཕྲིན་ཡིག་ཅིག་བྲིས་པ་ཡིན་ཡང༌། ཁོ་ཚོའི་ནང་ནས་ཆེ་འདོད་ཅན་གྱི་དིའོ་ཏྲེ་ཕེ་ཡིས་ང་ཚོའི་དབང་ལ་མི་རྩི།
9 Escrevi à igreja, mas Diótrefes, que gosta muito de ser o mais importante entre eles, não nos recebe.
10 དེའི་ཕྱིར་ང་ཡོང་ན་ཁོས་གང་བྱེད་པའི་སྐོར་མངོན་སུམ་དུ་གཏམ་བྱེད་རྒྱུ་ཡིན། ང་ཚོར་དམའ་འབེབས་གཏོང་ཞིང༌། དེ་ཡིས་ཚིམ་པར་མ་གྱུར་བས་ཁོས་སྤུན་ཟླ་རྣམས་བསུ་བར་མི་བྱེད་ཅིང༌། བསུ་བར་འདོད་པ་རྣམས་འགོག་སྟེ་ཁོ་ཚོ་ཆོས་ཚོགས་ནས་འབུད།
10 Portanto, se eu for, chamarei a atenção dele para o que está fazendo com suas palavras maldosas contra nós. Não satisfeito com isso, ele se recusa a receber os irmãos, impede os que desejam recebê-los e os expulsa da igreja.
11 གཅེས་པའི་གྲོགས་པོ། ངན་པ་མིན་ཏེ་བཟང་པོར་དཔེ་ལྟོས་ཤིག བཟང་པོ་བྱེད་མཁན་དཀོན་མཆོག་ནས་ཡིན། ངན་པ་བྱེད་མཁན་དཀོན་མཆོག་དང་མཇལ་མྱོང་མེད།
11 Amado, não imite o que é mau, mas sim o que é bom. Aquele que faz o bem é de Deus; aquele que faz o mal não viu a Deus.
12 མི་ཐམས་ཅད་དང་བདེན་པ་ཉིད་ཀྱིས་དེ་མེ་ཏྲི་ཡུ་ལ་བསྟོད་བསྔགས་བྱེད། ང་ཚོས་ཀྱང་ཁོང་ལ་བསྟོད་བསྔགས་བྱེད། ཡང་ང་ཚོའི་དཔང་པོ་བདེན་པ་ཡིན་པར་ཁྱེད་ཀྱིས་ཤེས།
12 Quanto a Demétrio, todos dão bom testemunho dele, inclusive a própria verdade. Nós também damos, e você sabe que o nosso testemunho é verdadeiro.
13 ཁྱེད་ལ་འབྲི་རྒྱུ་མང་པོ་ཡོད་ཀྱང༌། སྣག་ཚ་དང་སྙུག་གུ་སྤྱད་ནས་དེ་ལྟར་བྱེད་མི་འདོད།
13 Tenho muito que lhe escrever, mas não desejo fazê-lo com pena e tinta.
14 ཁྱེད་དང་རིང་པོ་མ་ལོན་པར་མཇལ་བའི་རེ་བ་ཡོད། དེ་ནས་ང་ཚོས་ངོ་གཏུགས་ནས་གཏམ་གླེང་བྱེད།
14 Espero vê-lo em breve, e então conversaremos face a face.
15 ཞི་བདེ་ཁྱེད་ལ་ལྡན་པར་གྱུར་ཅིག གྲོགས་པོ་རྣམས་ཀྱིས་ཁྱེད་ལ་འཚམས་འདྲི་ཞུ། དེར་ཡོད་པའི་གྲོགས་པོ་རྣམས་ལ་ངའི་ཚབ་བྱས་ཏེ་མིང་རེ་རེ་ནས་འབོད་དེ་འཚམས་འདྲི་ཞུའོ། །
15 A paz seja com você. Os amigos daqui lhe enviam saudações. Saúde os amigos daí, um por um.

Ler em outra tradução

Comparar com outra

Estude este capítulo no WhatsApp

Peça à IA da Bíblia Fala para explicar 3 João 1, comparar traduções ou montar um estudo — tudo direto pelo WhatsApp.