2 Tessalonicenses 3

Central Tibetan Bible (BOD) vs NAA

Sair da comparação
NAA Nova Almeida Atualizada 2017
1 མཇུག་ཏུ་སྤུན་ཟླ་རྣམས། ང་ཚོའི་དོན་ལ་སྨོན་ལམ་འདེབས་སྐབས། ཁྱེད་ཚོའི་ཁྲོད་དུ་བྱུང་བ་ལྟར། གཙོ་བོའི་བཀའ་མགྱོགས་པོར་དར་ཞིང་བཀུར་སྟི་དང་ལྡན་པར་འགྱུར་བའི་གསོལ་སྨོན་ཞུས།
1 Finalmente, irmãos, orem por nós, para que a palavra do Senhor se propague e seja glorificada, como aconteceu entre vocês.
2 ཡང་ང་ཚོ་བག་མེད་ཅན་དང་ངན་སེམས་ཅན་ལས་སྒྲོལ་བའི་དོན་ལའང་སྨོན་ལམ་འདེབས། གང་ཡིན་ཟེར་ན། མི་ཐམས་ཅད་ཀྱིས་དད་པ་མི་བྱེད།
2 Orem também para que sejamos livres das pessoas perversas e más; porque a fé não é de todos.
3 འོན་ཀྱང་གཙོ་བོ་ནི་ཐུགས་གཏད་ཆོག་པ་ཡིན་པས་ཁོང་གིས་ཁྱེད་ཚོའི་དད་སེམས་བརྟན་པོར་མཛད་ཅིང༌། ངན་པ་ལས་སྲུང་བར་མཛད།
3 Mas o Senhor é fiel. Ele os fortalecerá e os guardará do Maligno.
4 ཁྱེད་ཚོས་ད་ལྟ་ང་ཚོས་བཀའ་བསྒོས་པ་བཞིན་དུ་བྱེད་པ་དང་རྗེས་མའང་བྱེད་རྒྱུ་ཡིན་པ་ང་ཚོས་གཙོ་བོའི་ཐོག་ནས་ཡིད་རྟོན་བྱེད།
4 Temos confiança no Senhor quanto a vocês, de que não só estão praticando as coisas que lhes ordenamos, como também continuarão a fazê-las.
5 གཙོ་བོས་ཁྱེད་ཚོའི་སེམས་དཀོན་མཆོག་གི་བྱམས་པ་དང་མཱ་ཤི་ཀའི་བཟོད་སེམས་ལ་སློབ་ཏུ་འཁྲིད་པར་ཤོག
5 Que o Senhor conduza o coração de vocês ao amor de Deus e à perseverança de Cristo.
6 སྤུན་ཟླ་རྣམས། ད་ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་གྱི་ཐོག་ནས་ཁྱེད་ཚོར་འདི་ལྟར་བཀའ་སྒོ། ང་ཚོ་ལས་ཐོས་པའི་བསྟན་པ་དང་མི་མཐུན་པར་ལེ་ལོར་གནས་པའི་སྤུན་ཟླ་རྣམས་དང་མ་འགྲོགས་ཤིག
6 Irmãos, em nome do nosso Senhor Jesus Cristo, ordenamos a vocês que se afastem de todo irmão que vive de forma desordenada e não segundo a tradição que vocês receberam de nós.
7 གང་ཡིན་ཞེ་ན། ཁྱེད་ཚོས་ང་ཚོ་ལ་དཔེ་ལྟ་དགོས་པར་ཤེས། ཁྱེད་ཚོ་དང་མཉམ་དུ་ཡོད་དུས་ང་ཚོ་ལེ་ལོ་ཅན་མིན་ཏེ།
7 Porque vocês mesmos sabem como devem nos imitar, visto que nunca vivemos de forma desordenada quando estivemos entre vocês,
8 རིན་མ་བྱིན་པར་མི་སུ་ཞིག་གི་ཀྱང་ཁ་ལག་མ་བཟས། ཁྱེད་ཚོར་ཁུར་པོ་མི་བཟོ་བའི་ཆེད་དུ་ང་ཚོས་འབད་བརྩོན་དང་དཀའ་བས་ཉིན་མཚན་མེད་པར་ལས་ཀ་བྱས།
8 nem jamais comemos pão à custa dos outros. Pelo contrário, trabalhamos com esforço e fadiga, de noite e de dia, a fim de não sermos pesados a nenhum de vocês.
9 ང་ཚོར་དེ་བཞིན་དུ་བྱེད་ཆོག་པའི་དབང་ཆ་མེད་པ་མ་ཡིན་ཏེ། ཁྱེད་ཚོས་ང་ཚོ་ལ་དཔེ་ལྟ་བྱེད་པའི་དོན་དུ་ཡིན།
9 Não que não tivéssemos o direito de receber algo, mas porque tínhamos em vista apresentar a nós mesmos como exemplo, para que vocês nos imitassem.
10 ང་ཚོས་ཁྱེད་ཚོ་དང་མཉམ་དུ་ཡོད་དུས་གལ་ཏེ་སུ་ཞིག་གིས་ལས་ཀ་བྱེད་མི་འདོད་ན། ཟ་མི་ཆོག་ཅེས་པའི་བཀའ་བསྒོས།
10 Porque, quando ainda estávamos com vocês, ordenamos isto: “Se alguém não quer trabalhar, também não coma.”
11 རྒྱུ་མཚན་ནི་ཁྱེད་ཚོའི་ཁྲོད་དུ་ཁ་ཤས་ལེ་ལོ་ཅན་ཡིན་ཏེ། ལས་ཀ་མ་བྱས་པར་གཞན་གྱི་དོན་ལ་ཐེ་ཇུས་བྱེད་པ་ཐོས།
11 Pois, de fato, ouvimos que há entre vocês algumas pessoas que vivem de forma desordenada. Não trabalham, mas se intrometem na vida dos outros.
12 གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐོག་ནས་ང་ཚོས་དེ་ལྟར་གྱི་མི་རྣམས་ལ་ཚུགས་པོའི་སྒོ་ནས་ལས་ཀ་བྱེད་དགོས་ཤིང༌། རང་ཁ་རང་གསོ་དགོས་པར་བཀའ་སྒོ་ཞིང་སྐུལ།
12 A essas pessoas determinamos e exortamos, no Senhor Jesus Cristo, que, trabalhando tranquilamente, comam o seu próprio pão.
13 སྤུན་ཟླ་རྣམས། ལས་བཟང་པོ་བྱེད་པར་ཡིད་ཐང་མ་ཆད་ཅིག
13 Quanto a vocês, irmãos, não se cansem de fazer o bem.
14 སུ་ཞིག་གིས་ཡི་གེ་འདིའི་བསླབ་བྱར་དོ་སྣང་མ་བྱས་ན། མི་དེ་ལ་ནན་གྱིས་ལྟོས་ཤིག ཁོ་ངོ་ཚ་རུ་འགྱུར་བའི་ཆེད་དུ་ཁོ་དང་མ་འགྲོགས་ཤིག
14 Caso alguém não obedeça à nossa palavra dada por esta carta, vejam de quem se trata e não se associem com ele, para que fique envergonhado.
15 འོན་ཀྱང་ཁོ་དགྲ་བོ་ལྟར་མི་རྩི་བར་སྤུན་ཟླ་ལྟར་བརྩིས་ནས་ཁོ་ལ་ཁ་ཏ་བྱེད་ཅིག
15 Contudo, não o tratem como inimigo, mas admoestem-no como irmão.
16 ད་ཞི་བདེའི་གཙོ་བོ་ཉིད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཁྱེད་ཚོར་ཞི་བདེ་གནང་བར་ཤོག གཙོ་བོ་ཁྱེད་ཚོ་ཐམས་ཅད་དང་འགྲོགས་པར་ཤོག
16 Que o Senhor da paz, ele mesmo, dê a vocês a paz, sempre e de todas as maneiras. O Senhor esteja com todos vocês.
17 ང་པའུ་ལུ་རང་གི་ལག་པས་འཚམས་ཞུ་འདི་བྲིས། དེ་ནི་ངའི་འབྲི་སྟངས་ཡིན་པས། ངའི་ཡི་གེ་ཐམས་ཅད་ཀྱི་རྟགས་འདི་ཡིན།
17 A saudação é de próprio punho: Paulo. Este é o sinal em cada carta; é assim que eu assino.
18 ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་ཚོ་ཐམས་ཅད་ལ་ལྡན་པར་གྱུར་ཅིག །
18 A graça de nosso Senhor Jesus Cristo esteja com todos vocês.

Ler em outra tradução

Comparar com outra

Estude este capítulo no WhatsApp

Peça à IA da Bíblia Fala para explicar 2 Tessalonicenses 3, comparar traduções ou montar um estudo — tudo direto pelo WhatsApp.