2 Coríntios 2

Central Tibetan Bible (BOD) vs ACF

Sair da comparação
ACF Almeida Corrigida Fiel
1 ད་ངས་ཁྱེད་རྣམས་མ་སྐྱོ་བའི་ཕྱིར་ཡང་བསྐྱར་ཁྱེད་ཚོའི་རྩར་མ་འོང་བའི་ཐག་གཅོད་བྱས།
1 Mas deliberei isto comigo mesmo: não ir mais ter convosco em tristeza.
2 གང་ཡིན་ཞེ་ན། གལ་ཏེ་ངས་ཁྱེད་རྣམས་སེམས་སྐྱོ་བར་བཅུག་ན། ངས་སེམས་སྐྱོ་བར་བཅུག་པ་དེ་ལས་གཞན་སུས་ང་སེམས་སྐྱིད་པོ་བཟོ།
2 Porque, se eu vos entristeço, quem é que me alegrará, senão aquele que por mim foi contristado?
3 ཡང་ངས་ཁྱེད་རྣམས་ལ་སྔར་བྲིས་པའི་འཕྲིན་ཡིག་གི་དོན་ནི། ང་ཡོང་སྐབས་ང་སེམས་སྐྱིད་པོ་བཟོ་དགོས་པ་རྣམས་ཀྱིས་ང་སེམས་སྐྱོ་བར་མི་འཇུག་པའི་ཕྱིར་ཡིན། ང་དགའ་བ་དེ་ཁྱེད་ཚོ་ཚང་མ་ཡང་དགའ་བར་འགྱུར་བར་ངས་ཡིད་ཆེས་བྱས།
3 E escrevi-vos isto mesmo, para que, quando lá for, não tenha tristeza da parte dos que deveriam alegrar-me; confiando em vós todos, que a minha alegria é a de todos vós.
4 ངས་སེམས་འཁྲུགས་པ་དང་ཡིད་སྐྱོ་བའི་མིག་ཆུས་ཁེངས་བཞིན་ཁྱེད་ཚོར་འཕྲིན་ཡིག་བྲིས་པ་དེ། ཁྱེད་ཚོ་ལ་སེམས་སྡུག་ཡོང་བའི་ཕྱིར་མ་ཡིན་གྱི། ངས་ཁྱེད་རྣམས་ལ་ལྷག་པར་བྱམས་པ་དེ་ཁྱེད་ཚོས་ཤེས་པའི་ཕྱིར་ཡིན།
4 Porque em muita tribulação e angústia do coração vos escrevi, com muitas lágrimas, não para que vos entristecêsseis, mas para que conhecêsseis o amor que abundantemente vos tenho.
5 སུ་ཞིག་གིས་སེམས་སྡུག་ཏུ་བཅུག་ན། འུར་བཤད་མི་བྱེད་དེ། ང་མིན་པར་ཁྱེད་ཐམས་ཅད་སེམས་སྐྱོ་བར་ཅུང་ཙམ་བཅུག
5 Porque, se alguém me contristou, não me contristou a mim senão em parte, para vos não sobrecarregar a vós todos.
6 ཁྱེད་ཚོ་མང་ཆེ་བས་དེ་ལྟ་བུའི་མི་ལ་ཉེས་ཆད་བཏང་བ་ནི་འོས་སོ།
6 Basta-lhe ao tal esta repreensão feita por muitos.
7 སེམས་སྡུག་ཆེ་བའི་བསྔལ་གྱིས་མི་གནོན་པའི་ཕྱིར། ཁྱེད་ཚོས་ཁོ་ལ་གུ་ཡངས་གཏོང་ཞིང་སེམས་གསོ་བྱེད་དགོས།
7 De maneira que pelo contrário deveis antes perdoar-lhe e consolá-lo, para que o tal não seja de modo algum devorado de demasiada tristeza.
8 དེའི་ཕྱིར་ཁྱེད་ཚོས་ཡང་བསྐྱར་ཁོ་ལ་བྱམས་པ་སྟོན་པར་སྐུལ།
8 Por isso vos rogo que confirmeis para com ele o vosso amor.
9 ཁྱེད་ཚོས་རྣམ་པ་ཀུན་ཏུ་ཁ་ལ་ཉན་ནམ་མི་ཉན་ཉམས་ཚོད་བྱེད་པའི་ཕྱིར་ངས་ཁྱེད་ཚོར་བྲིས།
9 E para isso vos escrevi também, para por esta prova saber se sois obedientes em tudo.
10 ཁྱེད་ཚོས་སུ་ཞིག་ལ་གུ་ཡངས་བཏང་ན་ངས་ཀྱང་གུ་ཡངས་གཏོང༌། ཡང་ངས་གང་ཞིག་ལ་གུ་ཡངས་བཏང་བ་དེ་ནི་མཱ་ཤི་ཀའི་དྲུང་དུ་ཁྱེད་ཚོར་ཕན་པའི་ཆེད་དུ་ཡིན།
10 E a quem perdoardes alguma coisa, também eu; porque, o que eu também perdoei, se é que tenho perdoado, por amor de vós o fiz na presença de Cristo; para que não sejamos vencidos por Satanás;
11 ཡང་བདུད་སཱ་ཏན་གྱིས་ང་ཚོར་མགོ་སྐོར་མི་གཏོང་བའི་ཕྱིར་དེ་ལྟར་བྱེད། གང་ལགས་ཤེ་ན། ཁོའི་ཇུས་ངན་ང་ཚོས་ཤེས་པས་སོ། །
11 Porque não ignoramos os seus ardís.
12 དེ་སྔོན་ང་མཱ་ཤི་ཀའི་འཕྲིན་བཟང་སྒྲོག་པར་ཏྲོ་ཡཱ་གྲོང་ཁྱེར་དུ་སླེབས་ནས་གཙོ་བོས་ང་ལ་གོ་སྐབས་གནང་བྱུང་ཡང༌།
12 Ora, quando cheguei a Trôade para pregar o evangelho de Cristo, e abrindo-se-me uma porta no Senhor,
13 ངའི་སྤུན་ཟླ་ཐེ་ཏུ་མ་རྙེད་སྟབས་སེམས་བདེ་བར་བསྡད་མ་ཐུབ་པས། ཁོ་ཚོ་དང་ཁ་གྱེས་ནས་ང་མ་ཀེ་དོན་ཡཱ་ཡུལ་དུ་ཕྱིན།
13 Não tive descanso no meu espírito, porque não achei ali meu irmão Tito; mas, despedindo-me deles, parti para a macedônia.
14 མཱ་ཤི་ཀའི་སྒོ་ནས་རྒྱལ་བའི་རུ་སྒྲིག་ལ་ང་ཚོ་རྟག་ཏུ་འཁྲིད་མཁན་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུའོ། ཁོང་གིས་ང་ཚོའི་སྒོ་ནས་ཁོང་ངོ་ཤེས་པའི་དྲི་བཟང་ཕྱོགས་ཀུན་ཏུ་ཁྱབ་པར་མཛད།
14 E graças a Deus, que sempre nos faz triunfar em Cristo, e por meio de nós manifesta em todo o lugar a fragrância do seu conhecimento.
15 གང་ཡིན་ཞེ་ན། ཐར་བར་འགྱུར་བ་དང༌། འཇིག་པར་འགྱུར་བ་རྣམས་ལ་ང་ཚོ་དཀོན་མཆོག་གི་སྤྱན་སྔར་མཱ་ཤི་ཀའི་དྲི་བཟང་ཡིན་ཏེ།
15 Porque para Deus somos o bom perfume de Cristo, nos que se salvam e nos que se perdem.
16 ང་ཚོ་ནི་ཁ་ཅིག་ལ་འཆི་བའི་དྲི་ངན་ལྟར་ཡིན་པ་དང༌། ཁ་ཅིག་ལ་ཚེ་ཡི་དྲི་བཟང་ཡིན། འཕྲིན་བཟང་སྒྲོག་པའི་ལས་ཀ་དེ་བྱེད་འོས་པ་སུ་ཡིན།
16 Para estes certamente cheiro de morte para morte; mas para aqueles cheiro de vida para vida. E para estas coisas quem é idôneo?
17 མི་མང་པོ་དང་མི་འདྲ་བར་ང་ཚོ་རྒྱུ་ནོར་འཐོབ་ཕྱིར་དཀོན་མཆོག་གི་བཀའ་སྒྲོག་མཁན་མ་ཡིན། དེ་ལས་ལྡོག་སྟེ་དཀོན་མཆོག་ནས་མངགས་པ་ལྟར་མཱ་ཤི་ཀའི་སྒོ་ནས་དཀོན་མཆོག་གི་སྤྱན་སྔར་ང་ཚོས་ལྷག་བསམ་ཟོལ་མེད་ཀྱིས་སྨྲའོ། །
17 Porque nós não somos, como muitos, falsificadores da palavra de Deus, antes falamos de Cristo com sinceridade, como de Deus na presença de Deus.

Ler em outra tradução

Comparar com outra

Estude este capítulo no WhatsApp

Peça à IA da Bíblia Fala para explicar 2 Coríntios 2, comparar traduções ou montar um estudo — tudo direto pelo WhatsApp.