1 Tessalonicenses 3
Central Tibetan Bible (BOD) vs VC
1 དེའི་ཕྱིར་འགྲོ་འདོད་བཟོད་ཐབས་མེད་པ་བྱུང་སྐབས་ང་ཚོ་ཨ་ཐེ་ནེ་གྲོང་ཁྱེར་དུ་གཅིག་པུར་ལུས་པར་བསམས་ཏེ།
1 Assim, não podendo mais esperar, resolvemos ficar sozinhos em Atenas,
2 ཁྱེད་ཚོའི་དད་པ་བརྟན་པོ་དང་བློ་སྟོབས་སྤེལ་བའི་ཆེད་དུ་གཙོ་བོ་ཡེ་ཤུའི་འཕྲིན་བཟང་སྒྲོག་པའི་ཕྱིར་དཀོན་མཆོག་གི་ལས་གྲོགས་ཡིན་པ་དང་ང་ཚོའི་སྤུན་ཐི་མོ་ཐེ་ང་ཚོས་ཁྱེད་ཀྱི་རྩར་བཏང༌།
2 e enviar-vos Timóteo, nosso irmão e ministro de Deus no Evangelho de Cristo. Ele tem a missão de vos fortalecer e encorajar na vossa fé,
3 དེ་ནི་སྡུག་བསྔལ་དེས་མི་སུ་ཞིག་དཀྲུག་པར་མི་བྱེད་པའི་ཕྱིར་ཡིན། དོན་དེ་རྣམས་ནི་ང་ཚོ་མྱོང་རྒྱུ་ཡིན་པར་ཁྱེད་ཀྱིས་ཤེས།
3 a fim de que, em meio às presentes tribulações, ninguém se amedronte. Vós mesmos sabeis que esta é a nossa sorte.
4 དངོས་གནས་བྱས་ན་ང་ཚོ་ཁྱེད་དང་མཉམ་དུ་ཡོད་སྐབས་སྡུག་བསྔལ་མ་བྱུང་བའི་སྔོན་དུ་ང་ཚོས་ཡང་ཡང་མནར་གཅོད་མྱོང་རྒྱུ་ཡིན་ཞེས་བཤད་པ་དང་ཁྱེད་ཚོས་རྟོགས་པ་བཞིན་དུ་དེ་ལྟར་བྱུང་ངོ༌།
4 Estando ainda convosco, vos predizíamos que haveríamos de padecer tribulações. É o que aconteceu e estais sabendo.
5 དེར་བརྟེན་ང་བཟོད་ཐབས་མེད་པའི་སྐབས་ཁྱེད་ཚོའི་དད་པའི་སྐོར་ཤེས་པའི་ཕྱིར་ཐི་མོ་ཐེ་བཏང༌། གང་ལགས་ཟེར་ན། བསླུ་བྲིད་བྱེད་མཁན་གྱིས་ཁྱེད་ཚོར་མགོ་སྐོར་བཏང་སྟེ་ང་ཚོའི་དཀའ་ལས་དོན་མེད་དུ་འགྲོ་བའི་སེམས་ཁྲལ་ཡོད་པས་སོ། །
5 É este o motivo por que, não podendo mais suportar a demora, mandei colher informações a respeito da vossa fé, pois receava que o tentador vos tivesse seduzido e resultasse em nada o nosso trabalho.
6 ད་ལྟ་ཐི་མོ་ཐེ་ཁྱེད་ཀྱི་ས་ནས་སླེབས་ཏེ་ཁྱེད་ཀྱི་དད་པ་དང་བྱམས་སེམས་ཀྱི་གཏམ་བཟང་ང་ཚོར་བཤད་པ་མ་ཟད། ཁོང་གིས་ང་ཚོས་ཇི་ལྟར་ཁྱེད་རྣམས་མཇལ་འདོད་པ་བཞིན། དེ་ལྟར་ཁྱེད་རྣམས་ཀྱིས་ཀྱང་རྟག་ཏུ་ང་ཚོ་དྲན་པ་དང་ང་ཚོ་ཐུག་འདོད་ཡོད་ཅེས་གསུངས།
6 Mas, agora, Timóteo acaba de voltar da visita que vos fez, trazendo excelentes notícias da vossa fé e caridade. Ele nos falou da afetuosa lembrança que de nós sempre guardais e do desejo que tendes de nos rever, desejo que é também nosso.
7 སྤུན་ཟླ་རྣམས། དེའི་ཕྱིར་ང་ཚོ་སྡུག་བསྔལ་དང་མནར་གཅོད་གྲངས་ལས་འདས་པ་མྱོང་ཡང་ཁྱེད་ཀྱི་དད་པའི་རྐྱེན་གྱིས་ང་ཚོའི་སེམས་ཁྱེད་ཚོ་ལ་བལྟས་ནས་གསོ་བར་གྱུར།
7 Assim, irmãos, fomos consolados por vós, no meio de todas as nossas angústias e tribulações, em virtude da vossa fé.
8 ཁྱེད་ཚོས་གཙོ་བོ་ཡེ་ཤུ་ལ་དད་པ་བརྟན་པོ་བྱས་ན་ང་ཚོའི་སེམས་བདེ་བར་འགྱུར།
8 Agora, sim, tornamos a viver, porque permaneceis firmes no Senhor.
9 ཁྱེད་ཀྱི་དད་པའི་རྐྱེན་གྱིས་དཀོན་མཆོག་གི་མདུན་དུ་ང་ཚོར་དགའ་སྤྲོ་ཆེན་པོ་སྦྱིན། དེའི་ཕྱིར་དཀོན་མཆོག་ལ་ལྡེང་ངེས་ཀྱི་བཀའ་དྲིན་ཆེ་ཞེས་ང་ཚོས་ཅི་ལྟར་ཞུ།
9 E como poderíamos agradecer a Deus por vós, por toda a alegria que tivemos diante dele por vossa causa?!
10 ང་ཚོས་ཉིན་མཚན་མེད་པར་ཁྱེད་ཚོ་ཡང་བསྐྱར་མཇལ་བ་དང་ཁྱེད་ཚོའི་དད་པ་ལ་བལྟས་ནས་གང་དགོས་གསོབ་པ་དེ་སྙིང་ཐག་པ་ནས་གསོལ་འདེབས་བྱེད།
10 Noite e dia, com intenso, extremo fervor, oramos para que nos seja dado ver novamente a vossa face e completar o que ainda falta à vossa fé.
11 ད་ང་ཚོའི་ཡབ་དཀོན་མཆོག་ཉིད་དང་ང་ཚོའི་གཙོ་བོ་ཡེ་ཤུས་ཁྱེད་རྩར་འགྲོ་བའི་ལམ་གྲ་སྒྲིག་གནང་བར་ཤོག
11 Que Deus, nosso Pai, e nosso Senhor Jesus nos preparem o caminho até vós!
12 ང་ཚོས་ཇི་ལྟར་ཁྱེད་རྣམས་ལ་བྱམས་པ་བཞིན། དེ་ལྟར་ཁྱེད་རྣམས་ཕན་ཚུན་དང་མི་ཐམས་ཅད་ལ་བཅངས་པའི་བྱམས་སེམས་དེ་གཙོ་བོ་ཡེ་ཤུས་སྤེལ་ནས་ཕུན་སུམ་ཚོགས་པར་མཛོད་ཅིག
12 Que o Senhor vos faça crescer e avantajar na caridade mútua e para com todos os homens, como é o nosso amor para convosco.
13 མ་ཟད་གཙོ་བོ་ཡེ་ཤུ་དང་ཁོང་གི་སྐྱེ་བོ་དམ་པ་ཚང་མ་འབྱོན་སྐབས་སུ་ང་ཚོའི་ཡབ་དཀོན་མཆོག་གི་མདུན་དུ་ཁྱེད་ཚོ་དམ་པ་དང་སྐྱོན་མེད་པ་ཡིན་པའི་ཕྱིར་ཁོང་གིས་ཁྱེད་ཀྱི་སེམས་བརྟན་པོར་མཛད་པར་ཤོག །
13 Que ele confirme os vossos corações, e os torne irrepreensíveis e santos na presença de Deus, nosso Pai, por ocasião da vinda de nosso Senhor Jesus com todos os seus santos!
Atalhos do teclado
- Capítulo anterior←
- Próximo capítulo→
- Versículo anteriork
- Próximo versículoj
- Limpar seleçãoEsc
- Esta ajuda?
Estude este capítulo no WhatsApp
Peça à IA da Bíblia Fala para explicar 1 Tessalonicenses 3, comparar traduções ou montar um estudo — tudo direto pelo WhatsApp.