1 Coríntios 16

Central Tibetan Bible (BOD) vs VC

Sair da comparação
VC Versão Católica
1 ད་དཀོན་མཆོག་གི་མི་རྣམས་ལ་ཕན་པའི་ཞལ་འདེབས་ཀྱི་སྐོར་ངས་ག་ལད་ཡཱ་ཡུལ་གྱི་ཆོས་ཚོགས་རྣམས་ལ་བཤད་པ་བཞིན་དུ་ཁྱེད་ཚོས་ཀྱང་བྱོས་ཤིག
1 Quanto à coleta em benefício dos santos, segui também vós as diretrizes que eu tracei às igrejas da Galácia.
2 ང་སླེབས་སྐབས་ཞལ་འདེབས་བསྡུ་མི་དགོས་པའི་ཕྱིར་མི་རེ་རེས་གཟའ་འཁོར་རེའི་ཉིན་དང་པོར་རང་རང་གི་གླ་ཆར་གཞིགས་ཏེ་དངུལ་ཁག་བགོས་ནས་གསོག་དགོས།
2 No primeiro dia da semana, cada um de vós ponha de parte o que tiver podido poupar, para que não esperem a minha chegada para fazer as coletas.
3 དེར་སླེབས་ནས་ངས་ཁྱེད་ཀྱི་གདེང་འཇོག་ཐོབ་པའི་མི་རྣམས་ངོ་སྤྲོད་ཡི་གེ་དང་བཅས་པར་ཁྱེད་ཚོའི་སྦྱིན་པ་ཡེ་རུ་ཤ་ལེམ་ལ་སྐྱེལ་བར་གཏོང༌།
3 Quando chegar, enviarei, com uma carta, os que tiverdes escolhido para levar a Jerusalém a vossa oferta.
4 ངའང་འགྲོ་བར་འོས་ན་ཁོ་ཚོ་ང་དང་མཉམ་དུ་འགྲོ་བར་འགྱུར།
4 Se valer a pena que eu também vá, irão comigo.
5 མ་ཀེ་དོན་ཡཱ་ཡུལ་བརྒྱུད་ནས་འགྲོ་བའི་འཆར་གཞི་ཡོད་པས་དེར་ཕྱིན་པའི་རྗེས་སུ་ང་ཁྱེད་ཀྱི་རྩར་འོང༌།
5 Irei ter convosco, depois que tiver passado pela Macedônia; apenas passarei por lá.
6 ང་ཁྱེད་ཚོའི་རྩར་དུས་རེ་ཞིག་གམ། ཡང་ན་དགུན་ཁ་ཚང་མ་དེར་སྡོད་སྲིད། དེ་ནས་ང་གང་སར་འགྲོ་བའང་ཁྱེད་ཚོས་ལམ་དུ་སྐྱེལ་རོགས།
6 Talvez fique convosco ou até passe todo o inverno, para que me leveis aonde eu tenho de ir.
7 ང་ད་ལྟ་ཕར་འགྲོ་བའི་ལམ་ཞོར་ལ་ཁྱེད་ཚོ་འཕྲད་པར་མི་འདོད། གཙོ་བོས་ཆོག་མཆན་གནང་ན་རྗེས་སུ་ང་ཁྱེད་ཚོ་དང་མཉམ་དུ་ཡུན་རིང་སྡོད་པའི་རེ་བ་ཡོད།
7 Desta vez, quero vos ver não somente de passagem, mas espero demorar-me algum tempo convosco, se o Senhor o permitir.
8 ཉི་མ་ལྔ་བཅུ་པའི་དུས་ཆེན་གྱི་བར་དུ་ང་ཨེ་ཕེ་སུ་གྲོང་ཁྱེར་དུ་སྡོད་པར་འགྱུར།
8 Ficarei em Éfeso até Pentecostes:
9 གང་ཡིན་ཟེར་ན། འབྲས་བུ་དང་ལྡན་པའི་ལས་ཀ་བྱེད་པར་གོ་སྐབས་མང་པོ་ཡོད་ཀྱང༌། ང་ལ་ངོ་རྒོལ་བྱེད་མཁན་ཡང་མང་པོ་ཡོད།
9 aí se me abriu uma grande porta à minha atividade e os adversários aí são muitos.
10 ང་ལྟར་ཐི་མོ་ཐེ་ཡིས་གཙོ་བོའི་ཕྱག་ལས་བྱེད་པས། གལ་སྲིད་ཁོང་དེར་སླེབས་ན། ཁྱེད་ཚོའི་ཁྲོད་དུ་འཇིགས་རྒྱུ་ཅིའང་མེད་པར་སྡོད་དུ་འཇུག
10 Se Timóteo for visitar-vos, vede que esteja sem preocupação entre vós, porque trabalha exatamente como eu na obra do Senhor.
11 སུས་ཀྱང་ཁོང་ལ་མཐོང་ཆུང་བྱེད་མི་ཆོག ཁོང་ངའི་རྩར་ཡོང་བའི་ཆེད་དུ་ཞི་བདེའི་ངང་ནས་ལམ་དུ་སྐྱེལ་ཞིག ང་དང་སྤུན་ཟླ་རྣམས་ཁོང་སླེབས་རྒྱུར་སྒུག་བསྡད་ཡོད།
11 Portanto, ninguém o despreze. E preparai-lhe a viagem em paz para que venha ter comigo, porque o espero com os irmãos.
12 ད་ངེད་ཀྱི་སྤུན་ཟླ་ཨ་པོ་ལོ་སིའི་སྐོར་ཁོང་སྤུན་ཟླ་གཞན་དང་མཉམ་དུ་ཁྱེད་ཚོའི་རྩར་འགྲོ་བར་ངས་ནན་གྱིས་བསྐུལ། ད་ལྟ་ཡོང་བར་རྩ་བ་ནས་མི་འདོད་ཀྱང༌། གོ་སྐབས་འཐོབ་པའི་ཚེ་ཡོང་བར་འགྱུར།
12 Quanto ao nosso irmão Apolo, roguei-lhe muito fosse ter convosco com os irmãos, mas de modo algum quis ele ir agora. Contudo irá ver-vos, quando tiver oportunidade.
13 དོགས་ཟོན་གྱིས་ཤིག དད་པ་བརྟན་པོར་གནས་ཏེ་བློ་ཁོག་ཆེན་པོ་དང་སེམས་ཤུགས་ཆེན་པོ་བྱོས།
13 Vigiai! Sede firmes na fé! Sede homens! Sede fortes!
14 གང་བྱེད་པ་ཐམས་ཅད་བྱམས་པའི་སྒོ་ནས་སྒྲུབས་ཤིག
14 Tudo o que fazeis, fazei-o na caridade.
15 སྤུན་ཟླ་རྣམས། སེ་ཏེ་ཕ་ནཱ་ཡི་ཁྱིམ་ཚང་ནི་ཨ་ཀ་ཡཱ་ཡུལ་གྱི་དད་པ་བྱེད་མཁན་དང་པོ་ཡིན་ཞིང༌། ཁོང་ཚོར་དཀོན་མཆོག་གི་མི་རྣམས་ལ་ཞབས་ཏོག་བྱེད་པར་བརྩོན་སེམས་ཡོད་པ་ཁྱེད་རྣམས་ཀྱིས་ཤེས་པས།
15 Ainda uma recomendação, irmãos: sabeis que a família de Estéfanas são as primícias da Acaia e se consagraram ao serviço dos santos.
16 ངས་དེ་ལྟར་གྱི་མི་རྣམས་དང༌། ལས་ལ་རོགས་བྱེད་མཁན་རེ་རེའི་ཁ་ལ་ཉན་པར་སྐུལ།
16 Tratai essas pessoas com consideração, bem como todos aqueles que ajudam e trabalham na mesma obra.
17 སེ་ཏེ་ཕ་ནཱ་དང༌། ཕོར་ཏུ་ནཱ་ཏུ་སི་དང༌། ཨ་ཀ་ཡ་ཀུ་གསུམ་སླེབས་པས་ང་དགའ། ཁྱེད་ཚོ་མེད་པས་གང་བྱེད་མ་ཐུབ་པ་དེ་ཁོང་ཚོས་ང་ལ་རོགས་པ་བྱས།
17 Eu me alegro com a vinda de Estéfanas, Fortunato e Acaico, porque eles supriram a vossa ausência,
18 ཁོང་ཚོས་ང་དང་ཁྱེད་རྣམས་ལ་སེམས་གསོ་བཏང་བས། དེ་ལྟ་བུའི་མི་རྣམས་ལ་གུས་བཀུར་བྱེད་དགོས།
18 e tranqüilizaram o meu espírito e o vosso. Tende, pois, consideração a tais homens.
19 ཨེ་ཞེ་ཡཱ་ཡུལ་གྱི་ཆོས་ཚོགས་ཀྱིས་ཁྱེད་ཚོར་འཚམས་འདྲི་ཞུ། ཨ་ཀུ་ལཱ་དང་པི་རི་སི་ཀཱ་དང༌། ཁོ་ཚོའི་ཁང་པར་འཛོམས་པའི་ཆོས་ཚོགས་ཀྱིས་གཙོ་བོའི་ངང་ནས་ཁྱེད་ཚོར་མཛའ་བརྩེའི་འཚམས་འདྲི་ཞུ།
19 As igrejas da Ásia vos saúdam. Áquila e Prisca, com a comunidade que se reúne em sua casa, enviam-vos muitas saudações.
20 སྤུན་ཟླ་ཐམས་ཅད་ཀྱིས་ཁྱེད་ཚོར་འཚམས་འདྲི་ཞུ། བྱམས་སེམས་ཀྱི་ཐོག་ནས་གཅིག་གིས་གཅིག་ལ་འོ་ཡིས་འཚམས་འདྲི་ཞུས།
20 Todos os irmãos vos saúdam. Saudai-vos uns aos outros com ósculo santo.
21 འཚམས་འདྲི་ཞུ་བ་འདི་ནི་ང་རང་པའུ་ལུའི་ལག་པས་འབྲི།
21 Esta saudação escrevo-a de próprio punho: PAULO.
22 སུ་ཞིག་གིས་གཙོ་བོ་གཅེས་པར་མི་བཟུང་ན་ཁོ་ནི་རྒྱང་འབུད་གཏོང་བར་འགྱུར། གཙོ་བོ་ཕེབས་པར་ཤོག
22 Se alguém não amar o Senhor, seja maldito! Maran atá.
23 གཙོ་བོ་ཡེ་ཤུའི་ཐུགས་རྗེ་ཁྱེད་རྣམས་ལ་ལྡན་པར་གྱུར་ཅིག
23 A graça do Senhor Jesus esteja convosco.
24 མཱ་ཤི་ཀ་ཡེ་ཤུའི་ངང་ནས་ངའི་བྱམས་པ་ཁྱེད་ཐམས་ཅད་དང་མཉམ་དུ་གནས་པར་གྱུར་ཅིག ཨ་མེན། །
24 Eu vos amo a todos vós em Cristo Jesus.

Ler em outra tradução

Comparar com outra

Estude este capítulo no WhatsApp

Peça à IA da Bíblia Fala para explicar 1 Coríntios 16, comparar traduções ou montar um estudo — tudo direto pelo WhatsApp.